ཀྲུང་གུང་ཀྲུང་དབྱང་གིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་རླབས་ཆེ་བའི་གྲུབ་འབྲས་ཡོད་ཚད་དེ་རྒྱུན་སྐྱོང་འབད་འཐབ་དང་རྒྱུན་མཐུད་འཚོལ་ཞིབ་བྱས་པའི་མཇུག་འབྲས་ཡིན་པ་དང་། རླབས་ཆེ་བའི་ལས་དོན་ཡོད་ཚད་དེ་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་བྱེད་པའི་ཁྲོད་དུ་མདུན་སྐྱོད་བྱེད་དགོས། ང་ཚོས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་བརྩོན་ལེན་བྱས་ཏེ་ཧུར་ཐག་སྒོས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། སྔོན་རབས་པར་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་པ་དང་དེ་ནི་ང་ཚོས་གསར་བརྗེ་རྒན་རབས་པ་རྣམས་ལ་ཆེས་བཟང་བའི་དྲན་གསོ་ཞུས་པ་ཡིན་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བློ་མཐུན་ཧུའུ་ཡའོ་པང་གིས་མི་ཚེ་གང་བོར་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། བློ་མཐུན་ཧུའུ་ཡའོ་པང་གིས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཐད་ལ་བཞག་པའི་བྱས་རྗེས་སྤྱི་བསྡོམས་བྱས། ཁོང་གིས་བློ་མཐུན་ཧུའུ་ཡའོ་པང་ནི་ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ་ཡིན་པ་དང་། རང་རེའི་དམག་དཔུང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་བྱ་བ་སྒྲུབ་མཁན་ཡིན་ལ། ཡུན་རིང་བོར་ཏང་གི་མགོ་ཁྲིད་པའི་འགན་གཙོ་བོ་འཁུར་བའི་ཕུལ་བྱུང་མགོ་ཁྲིད་པ་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཚོལ་ཞིབ་དང་གསར་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་བློ་མཐུན་ཧུའུ་ཡའོ་པང་ལ་དྲན་གསོ་བྱེད་པ་ནི་ཁོང་གི་དངོས་གཉེར་བདེན་འཚོལ་དང་སྤོབས་པ་ཆེན་པོས་གསར་གཏོད་བྱེད་པའི་འཚོལ་ཞིབ་སྙིང་སྟོབས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་པ་དང་། ང་ཚོས་བློ་མཐུན་ཧུའུ་ཡའོ་པང་ལ་དྲན་གསོ་བྱེད་པ་ནི་ཁོང་གི་བདེན་འཚོལ་དངོས་གཉེར་དང་སྤོབས་པ་ཆེན་པོས་དང་ལེན་བྱེད་པའི་ཕུལ་བྱུང་སྤྱོད་བཟང་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། དེང་སྐབས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་གནས་པའི་གནས་བབ་གསར་བ་དང་གནས་ཚུལ་གསར་བ། གནད་དོན་གསར་བ་བཅས་ལ་དམིགས་ཏེ། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཡར་ཐོན་ཡོང་བར་བྱེད་པ་དང་། སྤོབས་པ་ཆེན་པོས་དཀའ་ཁག་སེལ་རོགས་བྱེད་དགོས་ལ། རང་རྟོགས་སྒོས་འགན་འཁྲི་ཡིད་ལ་འཛིན་པ་དང་འགན་ཁུར་ཕྲག་ཏུ་འཁུར་ནས། ཧུར་ཐག་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བའི་ཁྲོད་དུ་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་ལས་བློ་མཐུན་ཧུའུ་ཡའོ་པང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་འབད་འཐབ་བྱས་པའི་མི་ཚེ་གང་བོར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་ཤིང་། བློ་མཐུན་ཧུའུ་ཡའོ་པང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་ཁྲོད་དུ་བཞག་པའི་འཛད་མེད་བྱས་རྗེས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། བློ་མཐུན་ཧུའུ་ཡའོ་པང་གི་གསར་བརྗེའི་སྙིང་སྟོབས་དང་བླ་མེད་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་པའི་ཐད་ལ་ཐུགས་རེ་བཏོན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོ་མངོན་འགྱུར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་དུས་སྐབས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲིན་ཞི་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ཧི་དབྱི་ཐེན། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཆུའུ་ཆིན་ཧྲན། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧུའུ་ཅི་དང་པོ་ཆིན་དབྱི་ཀྲི། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞུའུ་ཧྲིག་ཧྲིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས་དང་ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཧུའུ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཧུའུ་ཡའོ་པང་གི་གཉེན་ཉེ་དང་འཚོ་བཞུགས་སྐབས་ཀྱི་གྲོགས་པོ། སྔོན་ཆད་ཁོང་གི་མདུན་དུ་བྱ་བ་བསྒྲུབས་པའི་མི་སྣ། ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།