རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཅིས་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཅི་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཅི་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད་སྐབས་གསུང་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་གལ་ཆེན་ཡིན་ཞིང་། ཕན་ཚུན་བར་མཉམ་ལས་གྲོགས་པོའི་འབྲེལ་བ་གལ་ཆེན་ལྡན་པས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཉོ་ཚོང་གྲོས་མཐུན་དེ་ད་ལོའི་ལོ་མཇུག་གི་སྔོན་ལ་མྱུར་དུ་གོ་ཆོད་པར་བྱེད་རྒྱུ་ཡིན་པ་མ་ཟད། རྗེས་ཕྱོགས་ཀྱི་ལག་བསྟར་བྱ་བ་བཟང་བོར་སྒྲུབ་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་དངུལ་གཏོང་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཀུང་ཟིས་ཀྲུང་གོར་དངུལ་གཏོང་ལས་རིགས་སྤེལ་བར་དགའ་བསུ་ཞུས་པ་ཡིན་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྔར་ལས་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན། རྒྱལ་ཁབ་གཉིས་ཀྱིས་ད་རུང་རང་སོ་སོའི་ཁྱད་སྟོབས་དང་ཟུང་དུ་སྦྲེལ་ནས། མཉམ་དུ་ནུས་ཁུངས་དང་ཐོན་ཁུངས། རྨང་གཞི་སྒྲིག་ཆས། སྒྲིག་སྦྱོར་སྒྲིག་བཟོ། རྒྱ་མཚོ་སོགས་ཁྱབ་ཁོངས་ནས་ཐོན་ནུས་མཉམ་ལས་སྤེལ་ཆོག་པ་དང་། ཕྱོགས་གསུམ་གྱི་ཚོང་རའི་མཉམ་ལས་གསར་གཏོད་དང་འཚོལ་ཞིབ་བྱེད་པ། ཁྱབ་ཁོངས་གསར་བའི་མཉམ་ལས་རྣམ་པ་སྐྱེད་སྲིང་བྱེད་པ། མི་གཞུང་བརྗེ་རེས་གསར་སྤེལ་བྱེད་པ་དང་། མུ་མཐུད་དུ“ཁི་ལོང་ཕོ་འཆར་གཞི་གསར་བ”དེ་ཀྲུང་གོ་ནས་ལག་བསྟར་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་པ། ས་གནས་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་བྱ་བ་གཏིང་ཟབ་དུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་སྟབས་བདེའི་བྱེད་ཐབས་འདོན་སྤྲོད་བྱེད་དགོས་ཟེར།

ཐི་ཨུན་པུའུ་ཨར་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གོམ་པ་དང་པོ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ལ་ཁེ་ཕན་ཅུང་བཟང་བོ་སྐྲུན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་སྟོབས་ཤུགས་ཆེན་པོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་གསོན་ཤུགས་དར་སྤེལ་གཏོང་བ་དང་། རང་འགུལ་སྒོས་འཛམ་གླིང་གི་དཔལ་འབྱོར་དུ་ཞུགས་ནས། ལྷད་མེད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བར་གཟེངས་བསྟོད་བྱས་པ་མ་ཟད། དེས་འཛམ་གླིང་ཡོངས་གོང་འཕེལ་དུ་གཏོང་བར་ཕན་པ་ཡོད་སྙམ་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།