ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་བ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད།

ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་བ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ཡི་ཁོང་གི་བཞུགས་ཤག་ནས་རྒྱ་གར་གྱི་ཙུང་ལི་མའི་ཏིས་ལ་མཇལ་འཕྲད་གནང་བ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལོ་གཅིག་གི་དུས་བཅད་གྲོས་མོལ་མཛད།

མའོ་ཏིས་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ད་ལོའི་ཟླ་ལྔ་བར་ང་ཚོས་པེ་ཅིན་ནས་གྲོས་མོལ་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་མཐོར་བཏང་ནས། སྔར་ལས་ཟབ་པའི་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་བྱུང་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས“ཀྲུང་གོས་གསར་བཟོ་བྱས་པའི་ཉིས་སྟོང་ཉེར་ལྔ་ལོའི”། “དྲ་འབྲེལ”དང་། “རྒྱ་གར་གྱིས་གསར་བཟོ་བྱས་པའི” “གྲངས་ཀའི་རྒྱ་གར”སོགས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ནས། བྷང་ག་ལ་དང་ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་འཁྱམ་འཛུགས་སྐྲུན་བྱེད་པའི་ཐད་ལ་སྔ་མོ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་པ་དང་། ཉོ་ཚོང་དངུལ་གཏོང་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། དངུལ་ལོར་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་མཉམ་ལས་བར་འཁྱམ་གསར་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། འཛམ་གླིང་དང་ས་ཁུལ་འཕེལ་རྒྱས་སུ་གཏོང་དགོས་ན་ཞི་བདེ་དང་བརྟན་འཇགས་ཡིན་དགོས་པ་དང་། གདོང་གཏུག་དང་འཇིགས་སྐྲག་གི་རྣམ་པ་མེད་པར་བྱེད་དགོས། ཀྲུང་གོ་དང་ཕྱོགས་ཀྱིས་རྒྱ་གར་དང་མཉམ་དུ་ཕྱོགས་མང་ལས་དོན་མཐུན་སྦྱོར་བྱས་ནས། མཉམ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

མའོ་ཏིས་ཡིས་བསྟན་དོན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་གནས་བབ་དང་བསྟུན་ནས། སྔར་ལས་ཕྱོགས་གཉིས་ཀྱིས་བཀོད་པའི་ཐུན་མོང་གི་ངོས་ཟིན་དངོས་འབེབས་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ་དང་མི་གཞུང་སོགས་མཉམ་ལས་གཏིང་ཟབ་དུ་སྤེལ་བ། རྒྱ་གར་དང་ཀྲུང་གོའི་མཉམ་ལས་ཐད་ལ་བླངས་བའི་འཕེལ་རིམ་གསར་བར་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གཏོང་བར་སྐུལ་ཁྲིད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།