ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2015ལོའི་འཛམ་གླིང་འཕྲུལ་ཆས་མིའི་ཚོགས་ཆེན་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཕྲིག་ཡིག་བཏང་སྟེ། ཚོགས་ཆེན་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། གྲོས་ཚོགས་སུ་ཞུགས་པའི་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་རྒྱལ་ཁབ་སོ་སོའི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕྲུལ་ཆས་མིའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། འཕྲུལ་ཆས་མིའི་ཚན་རྩལ་དང་ཐོན་རྫས་ཀྱིས་སྔར་ལས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཐེངས་འདིའི་ཚོགས་ཆེན་གྱིས་རོགས་ལས་འཆམ་མཐུན་མཉམ་རྒྱལ་བྱས་ཏེ། རིག་ནུས་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད་དགོས་ཞེས་པ་ནང་དོན་གཙོ་བོར་བཟུང་སྟེ། རྒྱལ་ཁབ་སོ་སོས་མཉམ་དུ་གསར་སྐྲུན་བྱེད་པ་དང་། རིག་ཚན་མང་པོས་འཆམ་མཐུན་མཉམ་རྒྱལ་བྱེད་པའི་འཕེལ་ཕྱོགས་ངོམ་པར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་ཀྱི་ཐུན་མོང་གི་ལྟ་བ་ངོམ་པར་བྱས་པས། རྒྱལ་ཁབ་སོ་སོའི་ཚན་རིག་པ་དང་ཁེ་ལས་པས་ལག་གདང་སྦྲེལ་ནས་མཉམ་དུ་འཕྲུལ་ཆས་མིའི་ཚན་རྩལ་གསར་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྔར་ལས་བཟང་བའི་མ་འོང་བ་གསར་གཏོད་བྱེད་པར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།