རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཕ་རི་སི་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཕ་རི་སི་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མངའ་ཁོངས་མཉམ་ལས་ལ་ཤུགས་སྣོན་ཞིང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བར་སྐུལ་འདེད་གཏོང་བར་འཐད་པ་བྱུང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྱི་གནས་བབ་འོག་ཏུ་ཀྲུང་གོ་དང་ཨ་མེ་རི་ཁས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་སྐྲུན་བྱེད་པའི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལྟར་ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་ཡོངས་ཀྱི་ཕྱོགས་སོ་སོ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དེ་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་འགལ་བ་དང་གནད་དོན་སྣ་ཚོགས་དོ་དམ་དང་ཚོད་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་དང་རྒྱལ་སྤྱིའི་དངུལ་ལོར་སྤྱི་ཁོག་ནང་དུ་མཐུན་སྦྱོར་དང་མཉམ་ལས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དངུལ་གཏོང་གྲོས་མཐུན་གྲོས་མོལ་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕ་རོལ་བའི་རྒྱལ་ཁབ་ལ་མ་དངུལ་གཏོང་བར་འདྲ་མཉམ་འགྲན་རྩོད་ཁོར་ཡུག་འདོན་སྤྲོད་བྱེད་དགོས། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བོའི་མདུན་དུ་གནད་དོན་དང་འགྲན་རྩོད་རབ་དང་རིམ་པ་གནས་ཡོད་པས། ཀྲུང་གོ་དང་ཨ་མེ་རི་ཁས་འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གཙོ་བོ་འོས་འཚམ་སྒོས་ཐག་གཅོད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཨོ་པ་མས་བཤད་རྒྱུར། དེང་སྐབས་ཀྱི་གནས་བབ་འོག་ཏུ་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་དུ་ཐུན་མོང་གི་ཁེ་ཕན་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་མངའ་ཁོངས་མང་པོ་ནས་མཐུན་སྦྱོར་དང་མཉམ་ལས་བཟང་བོ་བྱེད་རྒྱུ་ཧ་ཅང་གལ་ཆེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་དམག་དཔུང་བར་གྱི་གྲོས་མོལ་སོགས་ནང་རྐྱེན་བརྒྱུད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་དང་རྒྱལ་སྤྱིའི་བདེ་འཇགས། ཆེ་ཕྱོགས་དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་ཐད་ནས་འབྲེལ་འདྲིས་དམ་པོ་བྱེད་འདོད་ཡོད་པ་དང་། དེ་ནི་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་རྒྱལ་ཁབ་གཉིས་བར་གྱི་གནད་དོན་འོས་འཚམ་སྒོས་ཐག་གཅོད་བཟང་བོ་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།