རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ནམ་ཟླའི་འགྱུར་ལྡོག་ཕ་རི་སི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཁ་ཡིག་ལ«ལག་གདང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་དང་། དྲང་བདེན་ལུགས་མཐུན་གྱི་གནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལམ་ལུགས་འཛུགས་པའི»གསུང་བཤད་གལ་ཆེན་སྤེལ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཕ་རི་སི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཁ་ཡིག་ལ«ལག་གདང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་དང་། དྲང་བདེན་ལུགས་མཐུན་གྱི་གནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལམ་ལུགས་འཛུགས་པའི»གསུང་བཤད་གལ་ཆེན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཕ་རི་སི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཁ་ཡིག་ལ«ལག་གདང་སྦྲེལ་ནས་མཉམ་ལས་མཉམ་རྒྱལ་དང་། དྲང་བདེན་ལུགས་མཐུན་གྱི་གནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་ལམ་ལུགས་འཛུགས་པའི»གསུང་བཤད་གལ་ཆེན་སྤེལ། ཕྱོགས་སོ་སོས་ཡིད་ཆེས་བརྟན་པོ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དྲང་བདེན་དང་ཕན་ནུས་ལྡན་པའི་འཛམ་གླིང་ཡོངས་ཀྱིས་གནམ་ཟླའི་འགྱུར་ལྡོག་ལམ་ལུགས་འཛུགས་པའི་བྱ་བ་སྐུལ་འདེད་གཏོང་དགོས་པ་དང་། སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མཉམ་ལས་མཉམ་རྒྱལ་གྱི་རྒྱལ་ཁབ་འབྲེལ་བ་འཛུགས་དགོས་ཞེས་ནན་གྱིས་བསྟན།ས་དེའི་དུས་ཚོད་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་ལྔ་ཡས་མས་སུ། ཞི་ཅིན་ཕེན་པུའུ་ཨར་ལེ་འགྲེམ་སྟོན་ལྟེ་གནས་སུ་ཕེབས་རྗེས། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་རྣམ་གཉིས་ཀྱིས་རླངས་འཁོར་འཇོག་ས་ནས་ཁོང་ལ་བསུ་བ་ཞུས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཕ་རི་སི་ཚོགས་ཆེན་གྱིས«མཉམ་འབྲེལ་རྒྱལ་ཚོགས་གནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག»ལག་བསྟར་བྱེད་པར་ཤུགས་སྣོན་དགོས་པ་དང་། ཁྱོན་ཡོངས་དང་དོ་མཉམ། ཤུགས་ཚད་ལྡན་པ་དང་། ཚོད་འཛིན་ཡོད་པའི་གནམ་ཟླའི་འགྱུར་ལྡོག་གྱི་གྲོས་མཐུན་ཞིག་འགོད་དགོས། ཕ་རི་སི་གྲོས་མཐུན་གྱིས་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱིས་གནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་སྤྱོད་སྤེལ་བར་ཤུགས་སྣོན་དགོས་པ་མ་ཟད། འཛམ་གླིང་ཡོངས་ཀྱིས་སྔར་ལས་བཟང་བོའི་སྒོ་ནས་རྒྱུན་སྲིང་ངང་འཕེལ་རྒྱས་དང་སྐུལ་འདེད་གཏོང་བའི་བྱ་བ་མངོན་འགྱུར་བྱེད་པར་སྒུལ་ཤུགས་སྣོན་དགོས་ཟེར།ཞི་ཅིན་ཕེན་གྱིས་བསྟན་དོན། ཕ་རི་སི་གྲོས་མཐུན་དེ་ད་སོ་མ་མགོ་བརྩམས་པས། གནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཛམ་གླིང་ཡོངས་ཀྱིས་ཤུགས་བཏོན་པ་དེས་ང་ཚོར་མ་འོངས་བའི་འཛམ་གླིང་ཡོངས་བཅོས་སྐྱོང་བྱེད་པའི་རྣམ་པར་བསམ་གཞིགས་དང་འཚོལ་ཞིབ་བྱེད་དུ་བཅུག་པ་དང་། མིའི་རིགས་ཀྱི་ཚེ་སྲོག་དང་ལུས་དབང་གི་ཐུན་མོང་ཚོགས་པ་ཞིག་འཛུགས་སྐྲུན་དང་སྐུལ་འདེད་གཏོང་ས་རྩ་ཆེན་ཞིག་གསར་གཏོད་བྱས་ཟེར། ང་ཚོས་རང་རང་གི་འགན་ཁུར་བ་དང་། མཉམ་ལས་མཉམ་རྒྱལ། བཅའ་ཁྲིམས་ལག་བསྟར། དྲང་བདེན་དྲང་བཞག ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་བར་ཉམས་མྱོང་ལེན་པ། མཉམ་དུ་གོང་འཕེལ་དུ་གཏོང་བའི་མ་འོངས་བ་ཞིག་གསར་སྐྲུན་བྱེད་དགོས། ཕ་རི་སི་ཚོགས་ཆེན་གྱིས་རྒྱལ་ཁབ་སོ་སོ་དང་ནང་སྒོས་སུ་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་བོ་དང་མཉམ་དུ་ལོངས་སུ་སྤྱོད་པ་དང་། འགན་མང་བོ་ཁུར་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཚད་གཞིའི་ཕན་ནུས་ལྡན་པའི་བརྩི་སྲུང་དང་ལག་བསྟར་བྱ་བ་ཁག་ཐེག་བྱེད་པ་དང་། དམངས་གཙོ་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་བྱ་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་འཛུགས་སྐྲུན་བྱེད་པ་དང་། ཐུན་མོང་དང་ཁྱད་པར་ཡོད་པའི་འགན་ཁུར་རྩ་དོན་བརྩི་སྲུང་བྱས་ནས། རྒྱལ་ཁབ་སོ་སོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་མཐུན་པའི་ཁ་གཏད་བྱེད་ཐབས་ཤིག་འཚོལ་དགོས་ཟེར།ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ནམ་ཡིན་ཡང་འཛམ་གླིང་ཡོངས་ཀྱི་གནམ་ཟླའི་འགྱུར་ལྡོག་ལས་དོན་ལ་ཁ་གཏད་འཇལ་བའི་བྱ་བར་ཞུགས་མཁན་ཡིན་ཞིང་། ད་ལྟ་འཛམ་གླིང་ནུས་ཁུངས་གྲོན་ཆུང་དང་ནུས་ཁུངས་གསར་བ་བཀོལ་སྤྱོད་བྱེད་པ་དང་། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་རྒྱལ་ཁབ་ཆེན་པོ་དང་པོར་གྱུར་ཡོད། ཀྲུང་གོས་གསར་སྐྲུན་དང་། མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཤིག་དངོས་འབེབས་བྱས་ནས། མི་དང་རང་བྱུང་འཆམ་མཐུན་དུ་གནས་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་ཞིག་ཆགས་པར་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། གནམ་ཟླའི་འགྱུར་ལྡོག་ཁ་གཏད་ལ་འཇལ་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་ལས་དོན་ཞིག་རེད། ང་ཚོས་ལག་གདང་སྦྲེལ་ནས། འདྲ་མཉམ་དང་ཕན་ནུས་ལྡན་པའི་འཛམ་གླིང་ཡོངས་ཀྱིས་གནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱུན་སྲིང་དང་འཕེལ་རྒྱས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་ཞིག་འཛུགས་པར་བྱས་རྗེས་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།