རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་སེ་པེ་ཅང་གཉིས་བར་རྒྱལ་ཁབ་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ནམ་ཡིན་ཡང་ཕན་ཚུན་བརྩི་བཀུར་དང་། ལྷག་བསམ་རྣམ་དག་གི་སྒོ་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་ཅུང་བཟང་བོ་ཞིག་སྲུང་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་གྱི་གྲོས་གཞིས་ཨ་སེ་པེ་ཅང་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཐུབ་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་མཐུད་བྱ་བར་ཤུགས་སྣོན་ཆོག་ལ། མཉམ་ལས་གཏིང་ཟབ་དུ་ཡང་སྤེལ་ཆོག་པས། ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨ་སེ་པེ་ཅང་གྲོས་ཚོགས་ནས་མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་ལྟ་སྐུལ་སོགས་ཕན་ཚུན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། མཛའ་མཐུན་མཉམ་ལས་དང་མི་དམངས་བར་འགྲོ་འོང་བྱེད་པའི་ཅུང་བཟང་བོའི་བཅའ་ཁྲིམས་ཁོར་ཡུག་ཅིག་སྐྲུན་པ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་དང་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཨ་ལིས་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཨ་སེ་པེ་ཅང་གིས་ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པར་ཞུགས་པ། རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་བརྗེ་རེས་བྱ་བར་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཆབ་སྲིད་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། མཉམ་དུ་རང་ས་ཁུལ་འཕེལ་རྒྱས་དང་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།