111.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱི་ཐ་ལི་ཡི་གྲོས་ཞུགས་དཔོན་པོ་ཀི་ལཱ་སོ་ལ་མཇལ་འཕྲད་གནང་།

222.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱི་ཐ་ལི་ཡི་གྲོས་ཞུགས་དཔོན་པོ་ཀི་ལཱ་སོ་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱི་ཐ་ལི་ཡི་གྲོས་ཞུགས་དཔོན་པོ་ཀི་ལཱ་སོ་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་སྲོལ་རྒྱུན་མཛའ་བཤེས་གཏིང་ཟབ་ཅིང་། ཕན་ཚུན་བར་གྱི་འབྲེལ་བ་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཕན་ཚུན་བར་འཚམས་འདྲིར་མཛད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་ལ་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་བ་མ་ཟད། འབྲེལ་ཡོད་གྲུབ་འབྲས་ད་ལྟ་དངོས་འབེབས་བྱེད་བཞིན་པའི་སྒང་རེད།

 ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མཐོ་རིམ་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཆབ་སྲིད་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱ་བ་ཇེ་དམ་དུ་གཏོང་བ་དང་། གྲོས་ཁང་གི་མཛའ་མཐུན་བརྗེ་རེས་མཉམ་ལས་བྱ་བར་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱས་ནས་འོས་འཚམ་ཡིན། དེང་སྐབས་འགྲན་རྩོད་ལ་ཐུག་ཡོད་མོད། ཡིན་ནའང་ཅུང་བརྟན་འཇགས་རེད། ནང་སྒོས་སུ་ནུས་པ་གསར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱ་བའི་ཐད་ནས་གྲུབ་འབྲས་ཅུང་བཟང་། ང་ཚོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དུས་གཏན་གྱི་དམིགས་འབེན་མངོན་འགྱུར་བྱས་ནས། མ་འོངས་བའི་ཀྲུང་གོའི་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་འདིང་ཐུབ་པའི་ཡིད་ཆེས་ཡོད་ལ། དེས་ཀྲུང་གོ་དང་ཡོ་རོབ་གླིང་དང་ཡང་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་ལས་གཏིང་ཟབ་དུ་སྤེལ་བར་གོ་སྐབས་གསར་བ་འདོན་སྤྲོད་བྱས་ནས། སྔར་ལས་རྒྱ་ཆེ་བའི་བར་སྟོང་གསར་གཏོད་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཟེར། ཀི་ལཱ་སོ་ཡིས་བསྟན་དོན། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་འོས་བ་ཞིག་རེད།

དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ཅུང་བཟང་བོའི་འཕེལ་རྒྱས་ཀྱི་གནས་བབ་དེ་སྲུང་འཛིན་བྱེད་ཐུབ་པར་ཡིད་ཆེས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་རྣམ་པ་མང་བོ་དང་ཁྱབ་ཁོངས་སོ་སོས་ཀྲུང་གོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཉམས་མྱོང་ལོངས་སུ་སྤྱད་དེ། ཀྲུང་གོའི་འཕེལ་རྒྱས་རྒྱུད་རིམ་ཁྲོད་དུ་ཞུགས་འདོད་ཡོད་ཟེར།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།