习近平1.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

习近平2.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་གྱིས་སྤྱི་བསྡོམས་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

 ཁོང་གིས་ནན་གྱིས་གསུངས་རྒྱུར། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་དེ་དད་མོས་ཡོད་པ་དང་། ཡིད་ཆེས་བརྟན་ཞིང་སྒྲིག་ཁྲིམས་ནན་མོ་ཡོད་པ་དང་འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་པར་རག་ལས་ཡོད་ལ། ཏང་གི་སློབ་གྲྭས་མགོི་ཁྲིད་ལས་བྱེད་པར་གསོ་སྦྱོང་བྱེད་པའི་ལས་འགན་གཙོ་བོ་འཁུར་ཡོད་པས། ངེས་པར་དུ་ཏང་གི་སློབ་གྲྭས་ཏང་ལ་ཞབས་ཕྱི་སྒྲུབ་པའི་ཏང་གི་སློབ་གྲྭའི་བྱ་བའི་རྩ་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་བྱ་བ་གཙིགས་འཛིན་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ཏང་གི་སློབ་གྲྭའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏིང་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་གྱིས་སྤྱི་བསྡོམས་གསུང་བཤད་གནང་། ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཏང་གི་སློབ་གྲྭའི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གི་སློབ་གྲྭ་ནི་ང་ཚོ་ཏང་གིས་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་གསོ་སྦྱོང་བྱེད་པའི་ལས་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པས། ཀྲུང་དབྱང་ནས་ས་གནས་བར་ཏང་གི་སློབ་གྲྭ་མ་ལག་བཙུགས་པ་དང་། ཆེད་དུ་ལས་བྱེད་པར་གསོ་སྦྱོང་བྱེད་པ་ནི་ང་ཚོ་ཏང་གི་ཆབ་སྲིད་ཁྱད་སྟོབས་གལ་ཆེན་ཞིག་ཡིན། དུས་ཡུན་རིང་བོའི་ཚུན་ལ། ང་ཚོ་ཏང་གིས་ཏང་གི་སློབ་གྲྭར་བརྟེན་ནས་མགོ་ཁྲིད་པ་གཙོ་བོ་མང་པོ་སྐྱེད་སྲིང་བྱས་ཏེ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་རྩ་འཛུགས་ཀྱི་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱས་པས། རིམ་པ་སོ་སོའི་ཏང་ཨུས་གནས་བབ་གསར་བའི་འོག་གི་ཏང་གི་སློབ་གྲྭའི་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ། ང་ཚོ་ཏང་གི་དམིགས་བསལ་གྱི་ཁྱད་སྟོབས་རྒྱུན་འཛིན་བཟང་བོ་དང་དར་སྤེལ་བཟང་བོ་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དང་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གྲྭ་བཅོས་སྐྱོང་ནན་མོ་དང་། སློབ་ཁྲིད་ནན་མོ། སློབ་སྦྱོང་བཟང་བོ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་སློབ་གྲྭའི་ཀུན་སྤྱོད་འཛུགས་སྐྲུན་དེ་ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་ཕྱོགས་གཙོ་བོར་བརྩི་དགོས། ཚད་གཞི་མཐོན་པོའི་སྒོ་ནས་སློབ་གྲྭ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་སྒྲུབ་རྒྱུ་དེ་ཏང་གི་སློབ་གྲྭའི་བྱ་བ་གཙོ་བོར་བརྩིས་ཏེ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་སྤུས་ཚད་ཧུར་ཐག་སྒོས་མཐོར་འདེགས་སུ་གཏོང་དགོས། སྤོབས་པ་ཆེན་པོས་བཅོས་སྒྱུར་བྱས་ནས། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣའི་དཔུང་སྡེ། དོ་དམ་ཞབས་ཕྱི། སློབ་གྲྭའི་ཀུན་སྤྱོད་བཅས་ཕྱོགས་སོ་སོའི་བྱ་བ་གསར་སྐྲུན་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་སྲིད་འཛིན་ལས་འགན་སྔར་ལས་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གི་སློབ་གྲྭས་ཏང་ལ་ཞབས་ཕྱི་སྒྲུབ་པར་དམ་པོར་དམིགས་ཏེ་ཏང་གི་སློབ་གྲྭའི་ལས་དོན་ཡུན་རིང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་པར་མ་ཟད། དེ་ནི་གནས་བབ་གསར་བའི་འོག་ཏང་གི་སློབ་གྲྭའི་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། དེར་གོ་བ་ཟབ་མོ་ལེན་པ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་ཞེས་ནན་གྱིས་བསྟན། ཐེན་ཅིན་དང་ཀྲའེ་ཅང་། ཧུའུ་ནན། ཀོས་ཀྲིག ཧྲན་ཞི། ཞིན་ཅང་བཅས་ཞིང་ལྗོངས་དང་གྲོང་ཁྱེར་དྲུག་གི་འགན་ཁུར་བློ་མཐུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།