李克强与梅德韦杰夫出席中俄青年友好交流年闭幕式暨中俄媒体交流年开幕式 1.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་མཇུག་རྫོགས་པའི་མཛད་སྒོ་དང་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

李克强与梅德韦杰夫出席中俄青年友好交流年闭幕式暨中俄媒体交流年开幕式 2.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་མཇུག་རྫོགས་པའི་མཛད་སྒོ་དང་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

李克强与梅德韦杰夫出席中俄青年友好交流年闭幕式暨中俄媒体交流年开幕式 3.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་མཇུག་རྫོགས་པའི་མཛད་སྒོ་དང་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

李克强与梅德韦杰夫出席中俄青年友好交流年闭幕式暨中俄媒体交流年开幕式 4.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་མཇུག་རྫོགས་པའི་མཛད་སྒོ་དང་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོའི་མཇུག་རྫོགས་པའི་མཛད་སྒོ་དང་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

 ལིས་ཁི་ཆང་གིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་དང་ཨུ་རུ་སིའི་ན་གཞོན་མཛའ་མཐུན་བརྗེ་རེས་ལོར་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པར་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་བརྗེ་རེས་ལོ་མགོ་ཚུགས་པར་རྟེན་འབྲེལ་ཞུས། ཁོང་གིས་རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་གྲོགས་པོས་རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་དང་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་མི་དམངས་བར་སྔར་ལས་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་མཉམ་དུ་ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཡར་སྐུལ་གཏོང་བ་དང་། ས་གནས་ཀྱི་བརྟན་འཇགས་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་གསལ་བརྡ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་དུང་ཇེ་དམ་དུ་གཏོང་བ་དང་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་མཛའ་བཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།

 མེས་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ན་གཞོན་མཛའ་མཐུན་བརྗེ་རེས་ལོ་དེས་རྒྱལ་ཁབ་གཉིས་དང་ཁྱད་པར་དུ་ན་གཞོན་བར་གྱི་འབྲེལ་འདྲིས་དང་རྒྱུས་ལོན་ཇེ་དམ་དུ་གཏོང་བར་མཐུན་རྐྱེན་བཟང་བོ་བསྐྲུན་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྦས་ཤུགས་ཆེན་བསགས། ཁོས་རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་གྲོགས་པོ་སྨྱན་བྱད་བརྗེ་རེས་ལོའི་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། སྤུས་ཚད་སྔར་ལས་བཟང་བའི་སྤྱི་པའི་ཐོན་རྫས་འདོན་སྤྲོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་དམ་དུ་གཏོང་དགོས་པའི་རེ་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལོ་ཅེ་ཚི་གཉིས་གོང་གི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།