ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕེན་གྱིས་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ཉིས་སྟོང་བཅོ་ལྔ་ལོའི་དཔལ་འབྱོར་བྱ་བ་སྤྱི་སྡོམ་བྱས་པ་དང་། དེང་སྐབས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། ཉིས་སྟོང་བཅུ་དྲུག་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས་ཏེ། གཙོ་གནད་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གྲོས་གཞིའི་རེ་བ་དངོས་འབེབས་བྱས་ཏེ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྤེལ་ནས། དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཞེས་བསྟན། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་ཆེ་ཕྱོགས་དཔལ་འབྱོར་གྱི་སྲིད་ཇུས་ཁ་ཕྱོགས་རྒྱས་བཤད་མཛད་པ་དང་། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ་མ་ཟད། སྤྱི་སྡོམ་གསུང་བཤད་གནང་། གྲོས་ཚོགས་ནས་བསྟན་དོན། ད་ལོར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་ལ་དམིགས་ནས། ང་ཚོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་བའི་རེ་བ་ལྟར། ན་ནིང་གི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཏང་གི་དཔལ་འབྱོར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། བརྟན་བརླིང་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ནང་སྙིང་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ། ཉེན་ཁ་དང་འགྲན་རྩོད་ཆེན་པོར་འོས་འཚམ་སྒོས་ཁ་གཏད་འཇལ་བ་བཅས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། བརྟན་འཇགས་ཁྲོད་ནས་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། བརྟན་འཇགས་ཁྲོད་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད། དཔལ་འབྱོར་མཐོ་འབྲིང་གི་མྱུར་ཚད་ཀྱིས་འཕར་སྣོན་འབྱུང་བཞིན་པ་དང་། དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་སོང་ཡོད་ལ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཚིས་བསྟུད་མར་ལེགས་བཅོས་བྱས་པ་དང་སྤྱི་ཚོགས་ཧྲིལ་བོ་སྤྱིའི་ཆ་ནས་བརྟན་འཇགས་ཡིན། ད་ལོའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་པ་དེས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་རྒྱལ་ཁའི་ངང་མཇུག་བསྡུས་ནས། རང་རྒྱལ་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོན་པོ་ནས་འགྲེངས་ཆོག་པ་མཚོན་ཡོད། དེ་དང་མཉམ་དུ་ཕྱོགས་མང་བོའི་རྒྱུ་རྐྱེན་གྱི་ཤན་ཤུགས་དང་རྒྱལ་ཁབ་ཕྱི་ནང་གི་ཆ་རྐྱེན་གྱི་འགྱུར་ལྡོག་ལ་བརྟེན་ནས། དཔལ་འབྱོར་འཕེལ་རྒྱས་ཐད་ད་དུང་འབུར་ཐོན་གྱི་འགལ་བ་དང་གནད་དོན་ཁ་ཤས་གནས་ཡོད་པས། ངེས་པར་དུ་དེར་ཧ་ཅང་མཐོང་ཆེན་སྒོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་དགོས།

གྲོས་ཚོགས་ནས་བལྟས་ན། རྒྱུན་རྣམ་གསར་བར་ངོས་འཛིན་བྱེད་པ་དང་རྒྱུན་རྣམ་གསར་བར་བསྟུན་པ། རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་པ་བཅས་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིགས་ལམ་ཆེན་པོ་ཡིན་ལ། འདི་ནི་ང་ཚོས་འཛམ་གླིང་དཔལ་འབྱོར་གྱི་འཁོར་ཡུན་རིང་བོ་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས། ད་དུང་དེ་གཉིས་ཀྱིས་ཕན་ཚུན་བར་ཐོན་པའི་ནུས་པ་བཅས་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ཏེ་བརྡར་ཤ་བཅད་པའི་དོན་དག་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་སྤེལ་སྒོས་བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་གལ་ཆེ་བའི་བརྡར་ཤ་བཅད་པ་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ངེས་པར་དུ་དཀའ་ངལ་ཁྱད་སེལ་དང་འགག་སྒོ་ཐོལ་བརྒལ་གྱིས་རྩོད་སྒྲུབ་ཀྱི་ཐབས་ཤེས་རྒྱུན་འཁྱོངས་བྱེད་གོས་ཏེ། ཕྱོགས་གཅིག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་བཟང་བ་དང་སྦས་ཤུགས་ཆེ། ཕྱོགས་གཞན་ཞིག་ནས་དཀའ་ངལ་དང་འགྲན་རྩོད་ཡང་མང་བོ་གནས་ཡོད་ལ། ལྷག་པར་དུ་གྲུབ་ཚུལ་རང་བཞིན་གྱི་ཐོན་ནུས་ལྷག་ཚད་ཅུང་ཚབས་ཆེ། འདི་ནི་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འགག་སྒོ་ཡིན་པས། བཅོས་སྒྱུར་གསར་གཏོད་མྱུར་དུ་སྤེལ་བ་དང་བྲེལ་མྱུར་སྒོས་བྱ་བ་བཟང་བོར་བསྒྲུབ་ན། འགག་སྒོ་འདི་བདེ་བླག་ངང་བརྒལ་ཐུབ། ངེས་པར་དུ་བློ་རྩ་བརྟན་པོས་བཅོས་སྒྱུར་དང་སྤོབས་པ་ཆེན་པོས་གསར་གཏོད་བྱེད་དགོས་པ་དང་། ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་ཀྱིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལྟར། གཞུང་ལུགས་ཀྱི་ཐད་ནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྡོམ་བྱེད་པ་དང་། སྲིད་ཇུས་ཀྱི་ཐད་ནས་སྔོག་དཔག་རང་བཞིན་གྱི་བཀོད་སྒྲིག་བྱས་ཏེ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྤེལ་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱུ་རྐྱེན་གྱི་སྒྲིག་སྦྱོར་ལུགས་མཐུན་མིན་པ་དེ་ཡོ་བསྲིང་བྱེད་པ། ནུས་ལྡན་གྱི་མཁོ་འདོན་རྒྱ་བསྐྱེད་པ་བཅས་བྱས་ཏེ། མཁོ་འདོན་གྲུབ་ཚུལ་གྱི་སྐབས་བསྟུན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱུ་རྐྱེན་ཡོངས་རྫོགས་ཀྱི་ཐོན་ཚད་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་དགོས་ན། ཕྱོགས་མང་བོའི་བྱ་བའི་གཙོ་གནད་ཀྱི་འཕེལ་འགྱུར་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་པ་དང་། དཔལ་འབྱོར་འཕར་སྣོན་བརྟན་འཇགས་སུ་གཏོང་ན། མཁོ་འདོན་ལ་ལོགས་ངོས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱེད་པར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་ལ། ཆེ་ཕྱོགས་སྙོམ་སྒྲིག་ལག་བསྟར་བྱེད་ན། ཁྲོམ་རའི་བྱ་སྤྱོད་དང་སྤྱི་ཚོགས་སེམས་ཁམས་ལ་ཁྲིད་སྟོན་བྱེད་པར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ན། སྣོན་འཕྲི་སྒྱུར་བགོའི་བྱེད་ཐབས་མཉམ་སྤྱོད་བྱེད་པར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་ལ། ཁུལ་ཁོངས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ན། མི་གྲངས་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་གི་བར་སྟོང་དོ་མཉམ་ཡོང་བར་ལྷག་ཏུ་གཙིགས་འཛིན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ན། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་ཆགས་པར་ཡར་སྐུལ་བྱེད་པ་ལ་ལྷག་ཏུ་གཙིགས་འཛིན་བྱེད་དགོས་པ་དང་། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་ན། ཆེད་དམིགས་མི་ཚོགས་ཀྱི་དམིགས་བསལ་དཀའ་ངལ་ཐད་གནད་ཕིགས་རོགས་སྐྱོར་བྱེད་པར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་ལ། ཐོན་ཁུངས་སྒྲིག་སྦྱོར་བྱེད་ན། ཁྲོམ་རས་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པར་ལྷག་ཏུ་གཙིགས་འཛིན་བྱེད་དགོས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ན། ཆུ་ཚད་མཐོ་བའི་ཕྱོགས་གཉིས་སྒོ་འབྱེད་སྤེལ་བར་ལྷག་ཏུ་གཙིགས་འཛིན་བྱེད་དགོས།

གྲོས་ཚོགས་ནས་ནན་གྱི་བསྟན་དོན། མཁོ་འདོན་ལ་ལོགས་ངོས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱེད་པ་ནི། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་དེར་ཁྲིད་སྟོན་བྱེད་པའི་གསར་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཉེན་ཚབས་བྱུང་རྗེས་ཀྱི་ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་ཀྱི་གནས་བབ་གསར་བར་བསྟུན་པའི་རང་འགུལ་གྱི་གདམ་ག་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པའི་དགོས་ངེས་ཀྱི་རེ་བ་ཡིན།

གྲོས་ཚོགས་ནས་བསྟན་དོན། སང་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་རིམ་མགོ་རྩོམ་པའི་ལོ་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བའི་མཁྲེགས་གཏོར་གྱི་ལོ་ཡང་ཡིན་པས། དཔལ་འབྱོར་བྱ་བ་བཟང་བོ་བསྒྲུབ་ན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱེད་པ། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་དོན་སྙིང་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་འཕེལ་རྒྱས་དང་གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་བརྟན་བརླིང་ངང་ལག་བསྟར་བྱེད་པ་དང་། ཐོན་ལས་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ། ཆུང་ཕྱོགས་སྲིད་ཇུས་གསོན་ཤུགས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ། བཅོས་བསྒྱུར་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ། སྤྱི་ཚོགས་སྲིད་ཇུས་གཞི་རིམ་གྱི་མང་ཚོགས་དང་དམ་སྦྲེལ་བྱེདཔའིསྤྱི་ཁོག་གི་བསམ་ཕྱོགས་ལག་བསྟར་བྱེད་པ། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་ནས་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་སྟེང་ནས་ཡུན་རིང་གི་འཐབ་འཛིང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་རྩལ་སྟེང་ནས་ཚར་གཅོད་འཐབ་འཛིང་བཟང་བོ་བྱེད་པ། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་ཤུགས་སྣོན་པ། སྤྱིའི་དགོས་མཁོ་འོས་འཚམ་སྒོས་རྒྱ་བསྐྱེད་པའི་ཞོར་དུ་ཐོན་ནུས་ལྷག་མ་འཕྲི་བ་དང་མཛོད་ཉར་ལྷག་མ་འཕྲི་བ། འདེགས་ཤིང་ལྟ་བུའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་མ་རྩ་ཇེ་ཉུང་དུ་གཏོང་བ། ཞན་ཆར་ཁ་གསབ་བྱས་ནས། མཁོ་འདོན་མ་ལག་གི་རྒྱུ་སྤུས་དང་ལས་ཆོད་ཇེ་མཐོར་གཏོང་བ་དང་། དངུལ་གཏོང་གི་ཕན་འབྲས་རང་བཞིན་མཐོར་འདེགས་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱེད་པ་དང་། སྲོལ་རྒྱུན་གྱི་གཤིབ་བསྡུར་དགེ་མཚན་ལ་བསྒྱུར་བཀོད་དང་མཐོར་འདེགས་བྱེད་པ། རྒྱུན་མཐུད་ངང་འཕར་སྣོན་བྱེད་པའི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཀྱི་ཆུ་ཚད་ཧྲིལ་བོ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བྱས་ནས། ཧུར་ཐག་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་བཟང་བོ་ཞིག་རྩོམ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སང་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ལ། སྤྱི་ཁོག་གི་དགོས་མཁོ་འོས་འཚམ་སྒོས་རྒྱ་བསྐྱེད་པའི་ཞོར་དུ། མཁོ་འདོན་ལ་ལོགས་ངོས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་ཤུགས་བསྣན་ནས། ཕན་ཚུན་གཞོགས་འདེགས་ཀྱི་སྲིད་ཇུས་གཙོ་བོ་ལྔ་ལག་བསྟར་བྱེད་རྒྱུ་རེད། གཅིག ཆེ་ཕྱོགས་སྲིད་ཇུས་གཏན་འཇགས་ངང་ལག་བསྟར་བྱས་ཏེ། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཐད་གཏན་འཇགས་ཀྱི་ཆེ་ཕྱོགས་དཔལ་འབྱོར་ཁོར་ཡུག་སྐྲུན་དགོས། གཉིས། ཐོན་ལས་སྲིད་ཇུས་ཡང་དག་སྒོས་ལག་བསྟར་བྱས་ནས། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཁ་ཕྱོགས་གཏན་ཁེལ་ཡང་དག་བྱེད་དགོས། གསུམ། ཆུང་ཕྱོགས་སྲིད་ཇུས་གསོན་ཤུགས་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཚོང་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་གསོན་ཤུགས་དང་འཛད་སྤྱོད་པའི་སྦས་ཤུགས་ཆེར་བསྐྱེད་དགོས། བཞི། བཅོས་བསྒྱུར་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བྱེད་དགོས། ལྔ། སྤྱི་ཚོགས་སྲིད་ཇུས་གཞི་རིམ་གྱི་མང་ཚོགས་དང་དམ་སྦྲེལ་བྱས་ནས། དམངས་ཚིས་ཀྱི་ཚད་མཐའ་དམ་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་ནས་བལྟས་ན། སང་ལོར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལས་འགན་ཧ་ཅང་ལྕི་བས། འཐབ་ཇུས་ཀྱི་ཐད་ནས་བརྟན་བརླིང་གི་ཁྲོད་ནས་གོང་འཕེལ་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། མྱུར་ཚད་དང་ཤུགས་ཚད་ལ་ཚོད་འཛིན་བཟང་བོ་བྱེད་དགོས། འཐབ་རྩལ་གྱི་ཐད་ནས་གནད་འགག་དམ་འཛིན་བྱེད་དགོས་ཏེ། གཙོ་བོ་ཐོན་ནུས་ལྷག་མ་འཕྲི་བ་དང་། མཛོད་ཉར་ལྷག་མ་འཕྲི་བ། འདེགས་ཤིང་ལྟ་བུའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། མ་རྩ་ཇེ་ཉུང་དུ་གཏོང་བ། ཞན་ཆར་ཁ་གསབ་བྱེད་པ་བཅས་ལས་འགན་ཆེན་པོ་ལྔ་དམ་འཛིན་བྱེད་དགོས། གཅིག ཧུར་ཐག་དང་བརྟན་བརླིང་སྒོས་ཐོན་ནུས་ལྷག་མ་ཐག་གཅོད་དགོས། གཉིས། ཁེ་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བར་རོགས་རམ་བྱེད་དགོས། གསུམ། ཁང་ས་ཐོན་ལས་ཀྱི་མཛོད་ཉར་གནད་དོན་ཐག་གཅོད་དགོས། བཞི། ནུས་ལྡན་མཁོ་འདོན་རྒྱ་བསྐྱེད་དགོས། ལྔ། དངུལ་རྩའི་ཉེན་ཚབས་ལ་སྔོན་འགོག་དང་ཐག་གཅོད་བྱེད་དགོས་པར་འདོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་སྐབས་ངེས་པར་དུ་ཁྱོན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་དགོས། ཁྱབ་ཁོངས་གལ་ཆེན་དང་ཕྱོགས་གཙོ་བོའི་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་བཏང་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་སྐོར་ཞིག་གཏན་འཁེལ་བྱེད་དགོས་པ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་རྒྱལ་དབང་མ་རྩའི་དངུལ་གཏོང་དང་སྐྱེལ་འདེན་བདག་གཉེར་ཀུང་ཟི་མྱུར་དུ་ལེགས་སྒྱུར་དང་རྩ་འཛུགས་བྱེད་པ་དང་སྒེར་སྡོམ་ལས་རིགས་བཅོས་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་ནས། ཀྲུང་དབྱང་དང་ས་གནས་ཀྱི་ལས་དོན་དབང་ཆ་དང་འགྲོ་སོང་འགན་འཁྲི་སོ་སོར་བགར་བ་དམ་འཛིན་བྱེད་པ་དང་ས་གནས་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བ། ས་གནས་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བ། ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་སོགས་གནད་འགག་རང་བཞིན་གྱི་གནད་དོན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། དངུལ་ལོར་སྒྲིག་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་ནས་དངུལ་བསྡུའི་ནུས་པ་ཆ་ཚང་ཞིང་རྨང་གཞིའི་ལམ་ལུགས་བརྟན་པོ་ཡིན་པ་དང་། ཚོང་རའི་ལྟ་རྟོག་དོ་དམ་བཟང་བ། དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་དངུལ་འཛིན་ཚོང་ར་མྱུར་དུ་ཆགས་པར་བྱེད་དགོས་པ་དང་། དངུལ་ལོར་ལྟ་རྟོག་དོ་དམ་མ་ལག་བཅོས་སྒྱུར་ཇུས་གཞི་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས། དངུལ་ཁང་མ་ལག་བཅོས་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་རྒྱལ་དབང་ཚོང་ལས་དངུལ་ཁང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ལྗང་མདོག་དངུལ་ལོར་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། རྒན་གསོ་ཉེན་སེལ་ལམ་ལུགས་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་སྟེ་མི་སྒེར་གྱི་ཐོ་འགོད་དངུལ་འཛིན་འཐུས་ཚང་དུ་གཏོང་བ་དང་ཞིབ་རྩིས་དོ་མཉམ་རྒྱུན་འཁྱོངས་བྱས་ནས་གཅིག་གྱུར་གྱི་འཆར་འགོད་རིམ་པ་ཇེ་མཐོར་གཏོང་དགོས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་སྟེ་གཞི་རྩར་འགན་སྲུང་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་སྒྲིག་སྲོལ་ནང་རྐྱེན་གསར་བ་བཙུགས་ནས་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

གྲོས་ཚོགས་ནས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁུལ་ཁོངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་ཕྱི་ཕྱོགས་ཉོ་ཚོང་ཐད་ནས་ཕྱི་གཏོང་ནང་འདྲེན་བྱེད་པར་སྐུལ་འདེད་གཏོང་བ། ཕྱི་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ། རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་གསར་བཟོ་མཉམ་ལས་རྒྱ་བསྐྱེད་པ། རང་མོས་ས་ཁུལ་དང་དངུལ་གཏོང་གྲོས་མཐུན་གྲོས་མོལ་མྱུར་དུ་བྱེད་པ། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ཁྲོད་དུ་ཞུགས་པ་སོགས་ཀྱི་བྱ་བ་མུ་མཐུད་ནས་དམ་འཛིན་བྱེད་དགོས། ཕྱི་ཕྱོགས་དངུལ་གཏོང་ཁོར་ཡུག་ལེགས་བཅོས་དང་བཀོལ་སྤྱོད་བྱས་ཏེ། ཕྱི་ཕྱོགས་དངུལ་གཏོང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་དང་དར་གོས་ཚོང་ལམ་ཐེབས་རྩ་སོགས་ལས་ཁུངས་ཀྱི་དངུལ་བསྡུའི་རོགས་སྐྱོར་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་ལས་འགན་དང་པོ་དེ་དམ་འཛིན་བྱས་ནས་ལྷོད་གཡེང་དུ་མི་གཏོང་བ་དང་། ཚན་རིག་དང་མཐུན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་གཏན་ལ་ཕབ་ཅིང་འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག་དོ་མཉམ་ཡོང་བར་བྱེད་པ་དང་། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་བརྟན་འཇགས་དང་འཐུས་ཚང་དུ་བཏང་ནས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཤུགས་ཆེན་པོས་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཚོད་འཛིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས། གསར་གཏོད་ཡར་སྐུལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་བ་སྐྱེད་སྲིང་དང་སྲོལ་རྒྱུན་སྒུལ་ནུས་སྒྱུར་བཀོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། བསམ་གཞིག་གསར་བ་དང་བྱེད་ཐབས་གསར་བར་བརྟེན་ནས་ནང་མཁོའི་སྦས་ཤུགས་སྔོག་འདོན་བྱས་ཏེ། འཛད་སྤྱོད་དགོས་མཁོ་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པ་དང་ཕན་ནུས་ལྡན་པའི་དངུལ་གཏོང་གིས་འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ནུས་པ་ཆེན་པོ་འདོན་པ་དང་། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བཟོ་ལས་ཀྱི་འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག ཕན་འབྲས་འཕར་བ་བཅས་ཀྱི་བྱ་བ་དམ་འཛིན་བྱེད་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་མྱུར་དུ་ཆགས་པར་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་གསོ་སྐྱོང་བྱེད་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཐད་ནས་བརྒལ་གཏོར་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་དམངས་ཚིས་འགན་སྲུང་དང་ཚད་མཐའ་སྲུང་འཛིན་བྱེད་པ་དང་། ལྟ་རྟོག་ཞིབ་བཤེར་ཡར་སྐུལ་འདྲི་གཅོད་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་ཕྱོགས་སོ་སོས་འབད་བརྩོན་ལྷོད་མེད་བྱས་ནས་ལས་སྤེལ་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ལ། དེ་ནི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལམ་ཕྱོགས་གཙོ་བོ་ཡིན། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་བྱེད་པ་རྒྱུན་འཁྱོངས་བྱས་ནས། མིའི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱེད་དགོས་ལ། ཁེ་ལས་པ་དང་གསར་གཏོད་ཤེས་ལྡན་མི་སྣ། རིམ་པ་སོ་སོའི་ལས་བྱེད་པ་བཅས་ཀྱི་བརྩོན་སེམས་དང་རང་རྟོགས་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་པར་མཐོང་ཆེན་བྱེད་དགོས། གླེང་ཕྱོགས་ཁྲིད་སྟོན་ནུས་པ་ཇེ་ཆེར་བཏང་སྟེ། ངོ་བོ་དང་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་ཀྱི་གནས་སྟངས་ཁོང་དུ་ཆུད་པ། དུས་ཚོད་དང་ཚད་གཞི། ཕན་ནུས་བཅས་ཁོང་དུ་ཆུད་པར་བྱས་ནས། དབྱེ་ཞིབ་ཟབ་མོ་དང་བདེན་རྫུན་གསལ་འབྱེད་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གླེང་ཕྱོགས་ཁྲིད་སྟོན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས།

གྲོས་ཚོགས་ནས་ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་སང་ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་ཡིན་ལ། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ་བཀོད་སྒྲིག་བྱས་པའང་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་བློ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་དང་སྦྲེལ་ཏེ་བྱ་བ་བཟང་བོར་བསྒྲུབ་དགོས་ལ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་སྔར་ལས་བཟང་ཞིང་ཕན་ནུས་སྔར་ལས་ཆེ་བ། སྔར་ལས་དྲང་གཞག་དང་སྔར་ལས་རྒྱུན་མཐུད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་གྲོས་ཚོགས་སུ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་ལོར་ལས་ཁུངས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།