ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། བློ་མཐུན་ཡན་སུའུ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། སྙན་ཞུའི་ཚོགས་འདུ་མ་བསྡུས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱི་སྙན་ཞུའི་ཚོགས་པའི་མི་སྣར་མཇལ་འཕྲད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་པ་དང་། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་བློ་མཐུན་ཡན་སུའུ་ལ་གུས་འདུད་ཞུས་པ་དང་། བློ་མཐུན་ཡན་སུའུ་ཡི་ཁྱིམ་མིར་འཚམས་འདྲི་མཛད།

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། བློ་མཐུན་ཡན་སུའུ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། སྙན་ཞུའི་ཚོགས་འདུ་མ་བསྡུས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱི་སྙན་ཞུའི་ཚོགས་པའི་མི་སྣར་མཇལ་འཕྲད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་པ་དང་། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་བློ་མཐུན་ཡན་སུའུ་ལ་གུས་འདུད་ཞུས་པ་དང་། བློ་མཐུན་ཡན་སུའུ་ཡི་ཁྱིམ་མིར་འཚམས་འདྲི་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཡན་སུའུ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཚེས་ཉེར་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། སྙན་ཞུའི་ཚོགས་འདུ་མ་བསྡུས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱི་སྙན་ཞུའི་ཚོགས་པའི་མི་སྣར་མཇལ་འཕྲད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་པ་དང་། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་བློ་མཐུན་ཡན་སུའུ་ལ་གུས་འདུད་ཞུས་པ་དང་། བློ་མཐུན་ཡན་སུའུ་ཡི་ཁྱིམ་མིར་འཚམས་འདྲི་མཛད། ཁོང་གིས་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཡན་སུའུ་ཡི་སྔོན་ཐོན་བྱས་རྗེས་དང་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ཡང་དག་པའི་མི་ཚེའི་བགྲོད་ལམ་དང་སྒྱུ་རྩལ་བགྲོད་ལམ་རྒྱུན་འཁྱོངས་ཏེ། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བྱ་བ་སྒྲུབ་མཁན་ཞིག་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིག་ཡུན་ཧྲན་གྱིས་བཤད་རྒྱུར། བློ་མཐུན་ཡན་སུའུ་ནི་རིག་རྩལ་འཐབ་ཕྱོགས་ཀྱི་དར་ཆ་ཞིག་ཡིན། ཁོས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་རིག་རྩལ་བྱ་བའི་ཡང་རྩེར་བསྙེགས་ཏེ། དགོང་ལོ་བརྒྱད་ཅུ་ལྷག་བསླེབས་ནའང་སྔར་བཞིན་རིག་རྩལ་བྱ་བའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། གསར་རྩོམ་ལག་ལེན་བྱ་བ་དང་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཀྱང་གཞུང་སེམས་དྲང་བ་དང་།སྤྲོ་སེམས་ཆེན་པོ་བཅངས་ཏེ། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ངོ་གནོང་མི་དགོས་པའི་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རིག་གནས་ཀྱི་སྟོབས་ཤུགས་མཁོ་གལ་ཆེ་ལ། རིག་རྩལ་གྱི་སྟོབས་ཤུགས་ཡང་མཁོ་བར་མ་ཟད། བློ་མཐུན་ཡན་སུའུ་ལྟ་བུའི་ཕུལ་བྱུང་རིག་རྩལ་བྱ་བ་སྒྲུབ་མཁན་སྔར་ལས་མང་པོ་ཡང་མཁོ་བས། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་སྔོན་ཐོན་མིག་དཔེར་སློབ་སྦྱོང་བྱེད་པ་དང་། དུས་རབས་ཀྱི་མིག་དཔེར་སློབ་སྦྱོང་བྱས་ནས། མི་སེམས་འགུལ་བ་དང་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པའི་རིག་རྩལ་བརྩམས་ཆོས་མང་པོ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།