习近平视察解放军报社 1.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཅིངས་འགྲོལ་དམག་ཚགས་པར་ཁང་གི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། བཅིངས་འགྲོལ་དམག་ཚགས་པར་གསར་འདོན་བྱས་ནས་ལོ་ངོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམག་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། པར་འདི་ནི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།

习近平视察解放军报社 2.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཅིངས་འགྲོལ་དམག་ཚགས་པར་ཁང་གི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། བཅིངས་འགྲོལ་དམག་ཚགས་པར་གསར་འདོན་བྱས་ནས་ལོ་ངོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམག་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། པར་འདི་ནི་ཞི་ཅིན་ཕེན་གྱིས་བཅིངས་འགྲོལ་དམག་ཚགས་པར་གསར་འདོན་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་བཅིངས་འགྲོལ་དམག་ཚགས་པར་ཁང་གི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། བཅིངས་འགྲོལ་དམག་ཚགས་པར་གསར་འདོན་བྱས་ནས་ལོ་ངོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམག་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ་བསྟུན་ནས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། དམག་དཔུང་གི་ཚགས་པར་གྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས། གསར་གཏོད་གཙིགས་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། བཅིངས་འགྲོལ་དམག་ཚགས་པར་གྱི་ཆབ་སྲིད་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྒྲོག་སྤེལ་དང་ཤུགས་རྐྱེན་གྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་འབད་བརྩོན་བྱས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བསམ་བློའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

 ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཞི་ཅིན་ཕེན་བཅིངས་འགྲོལ་དམག་ཚགས་པར་ཁང་དུ་ཕེབས་ཏེ། ཚགས་པར་ཁང་གི་ལས་བྱེད་པ་ཡོངས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འཐུས་མིར་སྙིང་ཉེ་བའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་པར་བླངས། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་བཅིངས་འགྲོལ་དམག་ཚགས་པར་གསར་འདོན་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་འགྲེམ་སྟོན་ལ་གཟིགས། གཟིགས་ཞིབ་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཅིངས་འགྲོལ་དམག་ཚགས་པར་ནི1956ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གསར་འདོན་བྱས་པ་ཡིན་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚགས་པར་ཡིན་པ་དང་། རང་རེའི་ཏང་དང་རང་རེའི་དམག་དཔུང་གི་བསམ་བློའི་བྱ་བའི་གཡུལ་ས་གཙོ་བོ་ཞིག་ཡིན་པར་མ་ཟད། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་བྱེད་པའི་ཁྱད་ཆོས་ཤིག་ཀྱང་ཡིན། ལོ་ངོ་དྲུག་བཅུའི་རིང་ལ། བཅིངས་འགྲོལ་དམག་ཚགས་པར་གྱིས་ཏང་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་མཉམ་དུ་འབད་བརྩོན་བྱས་ནས། སྤྱིར་བཏང་མིན་པའི་ལོ་རྒྱུས་བརྒྱུད་དེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་སྒྲོག་སྤེལ་བྱེད་མཁན་དང་། དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས། བཅོས་སྒྱུར་བཅས་ལ་སྐུལ་འདེད་གཏོང་མཁན། རྒྱ་ཆེའི་དཔོན་དམག་འཚར་ལོངས་དང་ཡར་ཐོན་ཡོང་བའི་བགྲོད་ལམ་གྱི་གྲོགས་པོ་བཟང་བོ་བཅས་སུ་གྱུར་བར་ངོ་གནོང་མི་དགོས་པ་ཞིག་ཡིན་ཟེར།

བཅིངས་འགྲོལ་དམག་ཚགས་པར་ཁང་གི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བཅིངས་འགྲོལ་དམག་ཚགས་པར་གྱིས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་དྲིལ་སྒྲོག་ཟབ་མོ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དྲིལ་སྒྲོག། ཏང་གི་རིགས་གཞུང་གསར་སྐྲུན་གྱི་གྲུབ་འབྲས་དྲིལ་སྒྲོག་བཅས་བྱས་ནས། དམག་དཔུང་གི་མི་སྣ་སྐྱེད་སྲིང་དང་། སྤྱོད་བཟང་དང་སྒྲིག་ལམ་ནན་མོ། དམག་སྦྱོང་དང་འཐབ་འཁྲུག་གྲ་སྒྲིག བཅོས་སྒྱུར་ཟབ་སྤེལ་བྱེད་པ་བཅས་ཐད་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ངོམ་པར་བྱས་པས། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་བཅིངས་འགྲོལ་དམག་ཚགས་པར་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པས། བློ་བརྟན་འགྱུར་མེད་སྒོས་ཏང་གི་དམག་དཔུང་གི་མཐའ་གཅིག་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཐད་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བར་བྱེད་དགོས་ལ། རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀའ་ཁྱབ་ཇི་མ་ཇི་བཞིན་དུ་སྒྲོག་སྤེལ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལིང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཁྲང་བན་ཆོན་དང་ཧྥང་ཧྥུན་ཧོས། ཀྲང་དབྱང་། ཀྲའོ་ཁི་ཧྲི་སོགས་གཟིགས་ཞིབ་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།