ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱ་ཡིས་གཞི་རྒྱ་ཆེ་བའི་གླང་ཆེན་མཆེ་བ་མེད་པར་གཏོང་བའི་བྱ་འགུལ་སྤེལ་ཏེ་ཁྲིམས་འགལ་གྱི་ལྐོག་རྔོན་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་མངོན་པར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་རི་སྐྱེས་སྲོག་ཆགས་དོ་དམ་ཅུའུ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ནེ་ལོ་པུས་རྒྱལ་ཁབ་སྤྱི་གླིང་ནས་གླང་ཆེན་གྱི་མཆེ་བ་ཏུན་བརྒྱ་དང་ལྔ་དང་། བསེ་རུའི་རྭ་ཏུན་གཅིག་དང་གྲང་ཆུང་གསུམ་མེད་པར་བཟོས། མེད་པར་བཟོས་པའི་གླང་ཆེན་མཆེ་བའི་ཁ་གྲངས་ཀྱིས་ཁུན་ནེ་ཡཱའི་ལོ་རྒྱུས་སྟེང་ཆེས་མང་བའི་ཚད་དུ་བསླེབ་ཡོད། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་བསྟན་དོན། གླང་ཆེན་མཆེ་བ་མེད་པར་བཟོ་བའི་འགུལ་སྐྱོད་དེ་ལས་ཁུན་ནེ་ཡཱ་ཡིས་མ་དངུལ་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ཀྱི་རིན་ཐང་འཇལ་མི་སྲིད་པ་མཚོན་ཡོད་ལ། གླང་ཆེན་མཆེ་བ་མེད་པར་བཟོ་བའི་འགུལ་སྐྱོད་དེས་ཁུན་ནེ་ཡཱ་ཡིས་ཁྲིམས་འགལ་གྱི་ལྐོག་རྔོན་བྱ་སྤྱོད་མེད་པར་གཏོང་བའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་པར་མ་ཟད། འཛམ་གླིང་ཡོངས་ནས་གླང་ཆེན་མཆེ་བའི་ཉོ་ཚོང་གཏན་འགོག་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཉིས་སྟོང་གཉིས་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་ཨ་ཧྥེ་རི་ཁ་གླིང་གི་རི་སྐྱེས་གླང་ཆེན་གྱི་ཁ་གྲངས་བརྒྱ་ཆའི་རེ་གཉིས་ཇེ་ཉུང་དུ་སོང་ཡོད་པ་དང་། མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་གླང་ཆེན་གྱི་ཁ་གྲངས་ཧ་ལམ་འབུམ་བཞི་ཙམ་ལས་མེད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།