ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་ལས་བྱས་ཏེ་ཁྲིམས་འགལ་སྡོང་གཅོད་ལ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་རོ་མཱ་ནས་སྤྱི་འབོར་མེ་སྒོར་བྱེ་བ་གསུམ་ལ་བསླེབ་པའི་དངུལ་གསོག་གྲོས་མཐུན་ཞིག་བཀོད་དེ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ནགས་ཚལ་བཅའ་ཁྲིམས་དང་། བཅོས་སྐྱོང་དང་ཉོ་ཚོང་འཆར་གཞིར་རྒྱབ་སྐྱོར་དང་དངོས་འབེབ་བྱས།

གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་ནགས་ཚལ་དོ་དམ་ལ་ཤུགས་སྣོན་བྱས་ཤིང་ཁྲིམས་འགལ་སྡོང་གཅོད་ལ་བཀག་འགོག་བྱས་ཏེ་ཡོང་ཁུངས་ཁྲིམས་མཐུན་ཡིན་པའི་ཤིང་ཆའི་ཉོ་ཚོང་ལ་ཡར་སྐུལ་གཏོང་རྒྱུ་ཡིན།

འཆར་གཞི་དེ་དངོས་འབེབ་བྱས་ན་ཁྲིམས་འགལ་སྡོང་གཅོད་ལས་ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་བར་ཕན་པ་དང་། ནགས་ལས་ཐོན་སྐྱེད་ས་ཁུལ་གྱི་ཡོང་འབབ་འཕར་སྣོན་དང་འབྲུ་རིགས་བདེ་འཇགས་ཇེ་བཟང་དུ་འགྲོ་ཐུབ།

བསྡོམས་རྩིས་བྱས་པ་ལྟར་ན། ལོ་རེར་ལྐོག་ནས་ཁྲིམས་འགལ་གྱིས་བཅད་པའི་ཤིང་ཆས་དང་འབྲེལ་ཡོད་ཉོ་ཚོང་གིས་མེ་སྒོར་ཐེར་ཆེན་གཅིག་ནས་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔའི་ཁྲལ་བསྡུའི་གྱོང་གུད་བཟོས་ཡོད་པར་མ་ཟད། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ས་ཞན་འགྱུར་དང་སྐྱེ་དངོས་སྣ་མང་ཅན་ལ་གཏོར་བརླག་ཐེབས་བཞིན་ཡོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།