ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་མཱ་ལི་ནས་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་རླངས་འཁོར་རུ་ཁག་ཅིག་ལ་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་མཱ་ལིའི་དབུས་ཕྱོགས་ཀྱི་སེ་ཝ་ལོས་གྲོང་ཁྱེར་ཉེ་འདབས་ནས་འཇབ་རྒོལ་ཐེབས་ཏེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ལྗིད་མོ་ཕོག མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་ཚོགས་གཙོ་ཨན་ནཱ་ཏིས་ཧྥུའུ་ཡིས་ཉིན་དེར་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་། ཁོས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མིར་དམིགས་ནས་སྤེལ་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་ཅིག་ཡིན་ཟེར། ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ནི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉིན་མོ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།