ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དབྱེ་ཨར་ཁུའུ་ཚི་ཁིའི་གར་སོང་མ་རྙེད་པའི་གནམ་གྲུ་དེ་སར་ལྷུང་བ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱེ་ཨར་ཁུའུ་ཚི་ཁི་ནས་ནགས་ཚལ་གྱི་མེ་གསོད་སྐབས་གར་སོང་མ་རྙེད་པའི་གནམ་གྲུ་དེ་སར་ལྷུང་བ་བདེན་དཔང་བྱས། གནམ་གྲུ་སྟེང་གི་མི་དྲུག་པོའི་བེམ་པོ་དང་གནམ་གྲུའི་གཞི་གྲངས་སྒམ་ཆུང་རྙེད་ཡོད་ཟེར།

རྒུད་སྐྱོབ་བཀོད་འདོམ་པུའུ་ཡིས་ཉིན་དེར་མཚམས་སྦྱོར་བྱས་པ་ལྟར་ན། གར་སོང་མ་རྙེད་པའི་གནམ་གྲུ་དེའི་ཆག་རོ་རྙེད་ཡོད་པ་དང་། གནམ་གྲུའི་རྔ་སྒྲོ་ལས་གཞན་གནམ་གྲུ་ཧྲིལ་བོ་མེར་འབར་ཡོད་ཟེར།

མིག་སྔར་རྒུད་སྐྱོབ་མི་སྣས་ཡུལ་དངོས་ནས་བེམ་པོ་དྲུག་དང་གཞི་གྲངས་སྒམ་ཆུང་རྙེད་པ་དང་། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། དོན་རྐྱེན་དེའི་གནས་ཚུལ་ལ་གཞིགས་ན་གནམ་གྲུའི་སྟེང་གི་མི་བཅུ་བོ་གཅིག་ཀྱང་གསོན་པའི་རེ་བ་མེད།

གནམ་གྲུ་དེ་ནི་ནགས་ཚལ་མེ་སྐྱོན་བྱུང་སར་མེ་གསོད་སྐབས་གར་སོང་མ་རྙེད་པ་རེད། སྐབས་ཐོག་དེར་གནམ་གྲུ་དེ་རྨིད་སྟོང་གསུམ་ལྷག་གི་བར་སྣང་དུ་འཕུར་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།