ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ལི་ཡོ་རུ་འགྲན་བསྡུར་ལ་ཞུགས་སུ་འགྲོ་བའི་ཨུ་རུ་སིའི་ལུས་རྩལ་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་མི་འགྱངས་པར་པཱ་ཞི་ལི་ཡོ་རི་ནེ་རུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་འགྲོ་རྒྱུ་ཡིན་པའི་ཨུ་རུ་སིའི་ལུས་རྩལ་པ་བརྒྱ་ལྷག་ལ་ཐུག་འཕྲད་བྱས། 

ཕུའུ་ཅིན་གྱིས་བསྟན་དོན། དེ་རིང་འདི་ནས་ལྷན་དུ་འཛོམས་པའི་ལུས་རྩལ་པ་དག་གིས་དུས་ཡུན་རིང་བོར་སྐབས་འདིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དང་། ཁོ་ཚོ་ལི་ཡོ་རུ་སོང་ནས་ཨུ་རུ་སིའི་ལུས་རྩལ་གྱི་མཚན་སྙན་སྲུང་དགོས་ཀྱང་། ཡིད་འཕང་བ་ཞིག་ལ་ཨུ་རུ་སིའི་ལུས་རྩལ་པ་མང་བོ་འགྲན་སྡུར་ལ་ཞུགས་ཐབས་མེད།

ཁོས་བཤད་རྒྱུར། མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱི་མདུན་དུ་ལྷགས་པའི་གནས་བབ་མི་ལེགས་པ་དེ་ཁྲིམས་མཐུན་གྱི་ཁྱབ་ཁོངས་རིག་ནུས་འཛོམས་པོ་ལས་བརྒལ་ཡོད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་གནས་ཚུལ་རེ་འགའ་ནི་ཨུ་རུ་སིའི་ལུས་རྩལ་པར་དམིགས་པ་ཡིན། བྱ་སྤྱོད་དེ་དག་ལ་ཚད་གཞི་གཉིས་ལྡན་ཡིན་པ་དང་ཉེས་ལྡན་རིགས་འདེད་འདུས་ཡོད་ལ། དེ་ལུས་རྩལ་གྱི་སྙིང་སྟོབས་དང་དྲང་བདེན། འདྲ་མཉམ་བཅས་ཀྱི་ཁེ་ཕན་གྱི་ཚད་གཞི་དང་མཐུན་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།