ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་པའོ་ལིན་ཏོན་གྱི་ཉོ་ཚོང་ལྟེ་གནས་ཤིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་བཞིའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཤར་ལྷོའི་ཕྱོགས་ཀྱི་ཞཱ་ལོ་ཐི་གྲོང་ཁྱེར་ནས་ཉེན་རྟོག་པས་མི་ནག་དམར་གསོད་བཏང་བའི་དོན་རྐྱེན་ཞི་འཇགས་སུ་མ་བཏང་གོང་། ནུབ་བྱང་ཕྱོགས་ཀྱི་ཝ་ཧྲིན་ཐོན་ཀྲིག་ནས་ཡང་བསྐྱར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ཀྲིག་གི་པའོ་ལིན་ཏོན་གྱི་ཉོ་ཚོང་ལྟེ་གནས་ཤིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། མིག་སྔར་དོན་རྐྱེན་དེ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ལྗིད་མོ་ཕོག་ཡོད་ལ། ལག་དམར་སྔར་བཞིན་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད།

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ལག་དམར་གཅིག་མ་གཏོགས་མེད་པ་དང་ཁོས་མེ་མདའ་བཟུང་ཡོད་པ་གཏན་འཁེལ་བྱས་ཡོད། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཞི་ཡཱ་ཐུའུ་གཞུང་སྒྲུབ་ཁང་གིས་རྟོག་ཞིབ་བྱ་བར་རོགས་རམ་བྱེད་བཞིན་ཡོད། མིག་སྔར་ད་རུང་ཝ་ཧྲིན་ཐོན་ཀྲིག་ཏུ་འཇབ་རྒོལ་དོན་རྐྱེན་གཞན་པ་བྱུང་བའི་སྣང་ཚུལ་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།