ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་ནས་བསྟུད་མར་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 9月24日,警方官员经过美国马里兰州巴尔的摩市的枪击事件现场。.jpg

ཟླ་དགུ་བའི་ཚེས་ཉེར་བཞིའི་ཉིན། ཉེན་རྟོག་དཔོན་དམག་ཨ་མེ་རི་ཁའི་མཱ་ལི་ལན་ཀྲིག་པཱ་ཨར་ཏི་མའོ་གྲོང་ཁྱེར་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འགྲོ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར། ཨ་མེ་རི་ཁའི་ནུབ་བྱང་ཕྱོགས་ཀྱི་ཝ་ཧྲིན་ཐོན་ཀྲིག་དང་བྱང་ཤར་ཕྱོགས་ཀྱི་མཱ་ལི་ལན་ཀྲིག་ཏུ་བསྟུད་མར་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་གཉིས་བྱུང་། མེ་མདས་བརྒྱབ་པའི་དོན་རྐྱེན་སྔ་མ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དོགས་ཡོད་ཉེས་ཅན་ཉིན་གཉིས་པར་འཛིན་བཟུང་བྱས། མེ་མདས་བརྒྱབ་པའི་དོན་རྐྱེན་རྗེས་མ་ལས་ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག མིག་སྔར་ལག་དམར་གསུམ་བྲོས་བྱོལ་བྱེད་བཞིན་ཡོད།

རྐྱེན་ལམ་དུ་ཤོར་བའི་མི་ལྔའི་ཁྲོད་བུད་མེད་བཞི་ཡོད་པ་དང་། དེའི་ནང་བུད་མེད་ཅིག་ལོ་བཅུ་དྲུག་ཡིན་པ་རེད།

ཚེས་ཉེར་བཞིའི་ཉིན་ཉེན་རྟོག་ཕྱོགས་ཀྱིས་པའོ་ལིན་ཏོན་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ལྔ་བཅུའི་མཚམས་སུ་ཡོད་པའི་ཨོ་ཁི་སྲང་ལམ་ནས་དོགས་ཡོད་ཉེས་ཅན་ཆེ་ཐིན་འཛིན་བཟུང་བྱས།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཆེ་ཐིན་ད་ལོ་ལོ་ཉི་ཤུ་ཡིན་པ་དང་། ཨོ་ཁི་སྲང་ལམ་དུ་བསྡད་ཡོད། ཐུར་ཁེ་ནས་སྐྱེས་པ་དང་རྗེས་སུ་ཨ་མེ་རི་ཁར་གནས་སྤར་ཡོང་སྟེ་ཁྲིམས་མཐུན་སྡོད་དམངས་སུ་གྱུར་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།