ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམག་མི་གསུམ་ཅོར་ཏན་ནས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞིའི་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་མི་གསུམ་ཉིན་དེར་ཅོར་ཏན་གྱི་དམག་དོན་རྟེན་གཞི་ཞིག་ནས་མེ་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁུའུ་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གི་མི་སྣ་གསུམ་རླངས་འཁོར་ལ་བསྡད་དེ་དམག་དོན་རྟེན་གཞིར་བགྲོད་སྐབས་འཇབ་རྒོལ་ཐེབས་པ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཅོར་ཏན་སྲིད་གཞུང་དང་མཉམ་དུ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

ཅོར་ཏན་དྲག་ཆས་དམག་དཔུང་གི་དམག་སྤྱི་པུའུ་ཡིས་དེའི་སྔོན་སྤེལ་བའི་དངོས་གཞིའི་གསལ་སྒྲོག་ཅིག་གི་ནང་བསྟན་དོན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཅོར་ཏན་ལྷོ་ཕྱོགས་ཀྱི་ཅེ་ཧྥུའུ་ཨར་གྱི་ཧྥེ་སཱ་ཨར་རྒྱལ་སྲས་ཀྱི་མཁའ་དམག་རྟེན་གཞི་ནས་བྱུང་བ་རེད། ཉིན་དེའི་སྔ་དྲོར་རླངས་འཁོར་ཞིག་དམག་དོན་རྟེན་གཞི་དེར་འགྲོ་སྐབས་དམག་ཕྱོགས་ཀྱི་གཏན་འཁེལ་བརྩི་སྲུང་མ་བྱས་པས། ཉེན་སྲུང་དམག་མིའི་བར་འཁྲུག་རྩོད་བྱུང་བ་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། འབྲེལ་ཡོད་ཀྱི་རྟོག་ཞིབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།

ཅོར་ཏན་ནི་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་མནའ་མཐུན་གྲོགས་པོ་གལ་ཆེན་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།