ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནོའུ་ལི་སི་ཐན་ཞིང་ཆེན་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར།

ཞིང་ཆེན་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ནོའུ་ལི་སི་ཐན་ཞིང་ཆེན་གྱི་པཱ་ཆི་མཱ་ཐཱ་ས་ཁུལ་གྱི་སྡེ་བ་ཞིག་གི་ཉེ་འདབས་སུ་ཉིན་དེའི་ཉིན་གུང་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས། སྡེ་བ་དེར་འགྲོ་སའི་གཞུང་ལམ་མང་བོར་གཏོར་བརླག་ཐེབས་ཡོད་ལ། ས་དེས་རྒུད་སྐྱོབ་མི་སྣ་རྩ་འཛུགས་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་བཞིན་ཡོད།

ཨ་ཧྥུའུ་ཧན་རྒྱལ་ཡོངས་སུ་འདས་པའི་ཉིན་གསུམ་ནང་གངས་ཆེན་དང་ནམ་ཟླ་འཁྱག་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་དགུ་བཅུར་བསླེབ་ཡོད་ལ། གངས་ཆེན་དང་གངས་ཉིལ་བ་ལས་ད་རུང་ཁང་བ་ཉིས་བརྒྱ་ལྷག་ལ་གཏོར་བརླག་ཐེབས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།