ཀྲུང་གོ་བོད་ཀྱི་དྲ་བ།

ཧྲེན་ཞུའེ་དང་ཀྲའོ་ཧུང་པོ་འཛམ་གླིང་གར་སྟབས་འཁྱགས་ཤུད་ཀྱི་གྲགས་ཅན་ལུས་རྩལ་པའི་ནང་བདམས་ཐོན་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1492050189575675.jpg

ཀྲུང་གོའི་ཆ་སྒྲིག་འཁྱགས་ཤུད་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོག་མ་དེ་ཡིན་པའི་ཧྲེན་ཞུའེ་དང་ཀྲའོ་ཧུང་པོ་ཚེས་11ཉིན་འཛམ་གླིང་གར་སྟབས་འཁྱགས་ཤུད་གྲགས་ཅན་ལུས་རྩལ་པའི་ནང་ཐོག་མར་བདམས་ཐོན་བྱུང་བ་དེ་ནི་ཀྲུང་གོའི་གར་སྟབས་འཁྱགས་ཤུད་བདམས་ཐོན་པར་གཟི་བརྗིད་མཚན་སྙན་ཐོབ་ཐེངས་དང་པོ་ཡིན་པ་རེད། ཧྲེན་ཞུའེ་དང་ཀྲའོ་ཧུང་པོ་1992ལོར་རོགས་ཟླར་གྱུར་པ་ནས་བཟུང་། མཉམ་དུ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གསུམ་དང་འགྲན་བསྡུར་ཆེན་པོའི་སྤྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་ཨང་དང་པོའི་བྱ་དགའི་བུམ་པ་དྲུག་བླངས་པ་དང་འབྲེལ་2010ལོར་དབུན་ཀོ་ཧྭ་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་གར་སྟབས་འཁྱགས་ཤུད་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མ་ཐེངས་དང་པོ་དེ་བླངས་པ་རེད། འདི་ནི་2010ལོའི་ཟླ་2ཚེས་15ཉིན་ཀྲུང་གོའི་བདམས་ཐོན་པ་ཧྲེན་ཞུའེ(གཡས)དང་ཀྲའོ་ཧུང་པོས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཉིན་དེར་དབུན་ཀོ་ཧྭ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཆ་སྒྲིག་གར་སྟབས་འཁྱགས་ཤུད་འགྲན་བསྡུར་ཁྲོད་ཁོང་གཉིས་པོས་སྤྱིའི་སྐར་གྲངས་216.57ཐོག་ནས་ཨང་དང་པོ་བླངས་པའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།