ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁེ་ལུང་དང་ལེ་ཕང་གཉིས་ཀྱིས་ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོའི་མཐའ་མཇུག་གི་འགྲན་བསྡུར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣༣༣༣.jpg

མཱ་ལི་ནཱ་•ལེ་ཕང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས23ཉིན་གྱི་དགོང་མོར་ཧྥ་རན་སིའི་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་བྱས་འབྲས་ལས་མངོན་པར་ལྟར་ན། ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་རེས་སྐོར་དང་པོ་འཕེན་པའི་ནང་དུ། “གཡས་མིན་གཡོན་མིན”ངང"མདུན་སྐྱོད"ལས་འགུལ་གྱི་འོས་མི་ཨའེ་མཱ་ཉིའུ་ཨེར་•མཱ་ཁེ་ལུང་(Emmanuel Macron)དང་གཡས་རུ་པའི་སྲིད་ཏང"རྒྱལ་དམངས་དཔུང་ཁག"གི་འོས་མི་མཱ་ལི་ནཱ་•ལེ་ཕང་(Marine Le Pen)གཉིས་འདེམས་ཤོག་ཐོབ་གྲངས་སྔོན་དུ་སླེབས་ཡོད་པས། ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་པར་ཚུད་པ་རེད།

ཐོག་མའི་བསྡོམས་རྩིས་བྱས་འབྲས་གསར་ཤོས་ལས་མངོན་པར་ལྟར་ན། ཙུང་ཐུང་འདེམས་བསྐོའི་རེས་སྐོར་དང་པོའི་འདེམས་ཤོག་འཕེན་པར་ཞུགས་པའི་འོས་མི11གི་ཁྲོད་དུ། མཱ་ཁེ་ལུང་ལ23.9%ཟིན་པའི་རྩིས་འགྲོ་ཡོད་པའི་འདེམས་ཤོག་ཐོབ་པ་དང་། ལེ་ཕང་ལ21.7%ཟིན་པའི་རྩིས་འགྲོ་ཡོད་པའི་འདེམས་ཤོག་ཐོབ་པ་རེད། འདི་ནི་ཧྥ་རན་སིའི་སྤྱི་མཐུན་རྒྱལ་ཁབ་ལྔ་པ་བཙུགས་ནས་ལོ་ངོ59འཁོར་བའི་རིང་ལ།  སྲོལ་རྒྱུན་གྱི་གཡས་རུ་གཡོན་རུ་སྲིད་ཏང་གི་འོས་མི་མིན་པ་གཉིས་ཀྱིས་ཙུང་ཐུང་འདེམས་བསྐོའི“མཐའ་མཇུག་འདེམས་བསྐོ་འགྲན་བསྡུར”གྱི་གར་སྟེགས་བཟུང་བ་ཐེངས་དང་པོ་རེད། 

ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་ནི་ཟླ5ཚེས7ཉིན་འཕེན་རྒྱུ་ཡིན་པ་རེད།

༤༤༤༤༤༤.jpg

ཨའེ་མཱ་ཉིའུ་ཨེར་•མཱ་ཁེ་ལུང་།    

དེ་ཡང་"གཡོན་ཕྱོགས་པ"དང"གཡས་ཕྱོགས་པ"ནི་ཧྥ་རན་སེའི་གསར་བརྗེ་ཆེན་མོའི་དུས་སྐབས་སུ་བྱུང་ཞིང་། "གཡོན་ཕྱོགས་པས"སྤྱི་ཚོགས་ཀྱི་འོག་རིམ་དང་འབྲིང་རིམ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་ཅིང་། སྔོན་ཆད་ཀྱི་འོས་འཚམ་མིན་པའི་སྤྱི་ཚོགས་ཀྱི་སྒྲིག་ལམ་བསྒྱུར་བར་རྒྱབ་སྐྱོར་བྱས་ཏེ་རྒྱུ་ནོར་དང་གཞི་རྩའི་དབང་ཆ་སྔར་ལས་འདྲ་མཉམ་དུ་བགོ་བར་བྱེད་པའི་ཚོགས་སྤྱི་ཞིག་ཡིན།

"གཡས་ཕྱོགས་པ"ནི་ད་ཡོད་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་གྱི་སྒྲིག་ལམ་བཅོས་བསྒྱུར་ལ་ངོ་རྒོལ་བྱེད་པ་དང་། སྲོལ་རྒྱུན་གྱི་འདུ་ཤེས་དང་གོམས་སྲོལ་རྒྱུན་འཛིན་བྱེད་པ། གོང་མའི་ལམ་ལུགས་དང་སྐུ་དྲག་གི་དམིགས་བསལ་དབང་ཆ་སྲུང་སྐྱོབ་བྱེད་མཁན་མི་སྣ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།