ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རི་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས\"སཱ་ཏེ\"ཉིན་འགའི་རྗེས་སུ་བཀོལ་སྤྱོད་བྱེད་རྒྱུ་ཡིན་ཚུལ་བསྟན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། "འཕུར་མདའ་འགོག་བྱེད་སཱ་ཏེ་མ་ལག་འབྱུང་འགྱུར་གྱི་ཉིན་ཤས་ནང་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། "ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་དམག་དཔུང་གིས་ཟླ4ཚེས26ཉིན་གྱི་ཞོགས་པར། ཤིན་ཀྲོའུ་རུ"སཱ་ཏེ"སྒྲིག་བཀོད་བྱེད་འགོ་བརྩམས་ཤིང་། ཉིན་དེར། ཨ་རིའི་དམག་དཔུང་གི་ཞི་བདེ་རྒྱ་མཚོའི་དམག་སྤྱི་ཁང་གི་དམག་སྤྱི་ཧ་ལི་སིས"སཱ་ཏེ"བཀོལ་སྤྱོད་བྱེད་པའི་དུས་ཚོད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད། དེ་སྔོན། ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་གྱིས་སྔོན་དཔག་བྱས་ན། "སཱ་ཏེ་"ནི་ཟླ་5བའི་ཟླ་དཀྱིལ་ཡས་མས་སུ་སྤྱོད་འགོ་བཙུགས་ཏེ་ཚོད་ལྟའི་བཀོལ་སྤྱོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད། 

ཚེས27ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུ་ཐོག་ཏུ། ཧ་ལི་སིས་བཤད་པ་དེ་ནི་ཚོད་ལྟའི་བཀོལ་སྤྱོད་ཅེས་པ་ཡིན་ནམ་ཞེས་འདྲི་དུས། ལྷོ་ཁོ་རེ་ཡ་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཝུན་ཧྲང་ཅུན་གྱིས"ཚོད་ལྟའི་བཀོལ་སྤྱོད་མ་ཡིན་པར། དེ་ནི་དངོས་སུ་བཀོལ་སྤྱོད་བྱེད་པ་ཡིན་"ཞེས་ལན་བཏབ་པ་རེད།

ཚེས27ཉིན། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་དུ། ཝུན་ཧྲང་ཅུན་གྱིས་ཉིན་དེར་ཤིན་ཀྲོའུ་ཀོར་ཧྥུའུ་སྤོ་ལོ་རྒྱག་སར་སྐྱེལ་ཡོང་བའི"སཱ་ཏེ"དམག་ཆས་ནི་དངོས་སུ་བཀོལ་སྤྱོད་བྱས་ཆོག་ལ། དེས་བྱང་ཁོ་རེ་ཡ་དམག་དཔུང་གི་འཕུར་མདའ་འགོག་ཐུབ་པའི་གཡུལ་འགྱེད་དངོས་ཀྱི་རྣམ་པ་ལྟར་ཡིན་ཞེས་བསྟན། གོང་གསལ་བརྗོད་དོན་དེ་ལས་ཤིན་ཀྲོའུ་རུ་སྐྱེལ་ཡོང་བའི"སཱ་ཏེ"དམག་ཆས་ལ་འཕུར་མདའ་འགོག་པའི་བྱེད་ནུས་ཡོད་པ་གསལ་བ་རེད། ཝུན་ཧྲང་ཅུན་གྱིས་ལོ་འཁོར་འདིའི་ནང"སཱ་ཏེ"ཡི་འཕུར་མདའ་འགོག་པའི་ནུས་པ་ཆ་ཚང་སྒྲིག་བཀོད་བྱས་ཚར་རྒྱུ་དང་། ཉེ་སྔོན་ཕྱི་རོལ་དུ་བཀོད་སྒྲིག་བྱས་པའི"སཱ་ཏེ"དམག་ཆས་ལ་ཨར་ལས་བྱེད་མི་དགོས་ཤིང་། "སཱ་ཏེ"དེ་ཉིད་ནི་ས་ཆ་དེ་གར་དམག་འཐབ་བཀོད་སྒྲིག་བྱེད་ཆོག་པའི་མ་ལག་ཅིག་ཡིན་ཞེས་བརྗོད་པ་རེད།

ཟླ4ཚེས26ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་ལྷོ་ཁོ་རེ་ཡ་གཉིས་པོར་"སཱ་ཏེ་"མ་ལག་སྒྲིག་བཀོད་ཕྱིར་འཐེན་བྱེད་རྒྱུ་དང་། འབྲེལ་ཡོད་སྒྲིག་ཆས་ཕྱིར་སྐྱེལ་དགོས་པའི་སྐུལ་མ་ཤུགས་ཆེན་བཏང་བ་དང་། "ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་བཅད་ངང་བྱེད་ཐབས་དགོས་ངེས་སྤྱད་ནས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་"ཞེས་བསྟན། ཀྲུང་གོ་ཕྱོགས་ཀྱི་བརྗོད་སྟངས་ལ་གཏད་ནས། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ཅུན་ཧོ་ཡིས་ཚེས27ཉིན་གང་ཡང་ཐོན་སྲིད་པ་ཚང་མར་བསམ་གཞིགས་བྱེད་རྒྱུའི་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས"སཱ་ཏེ"ལ་ངོ་རྒོལ་གྱི་བྱེད་སྟངས་མཚམས་འཇོག་བྱེད་རེ་ཡོད་ཅེས་ལན་བཏབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།