ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ལ་འཛིན་པའི་སྲིད་ཇུས་མཐུན་སྦྱོར་ཡོང་ཆེད་ཐེ་རོམ་ཕུ་ཡིས་ཨེ་ཤེ་ཡའི་མནའ་གྲོགས་དང་འབྲེལ་གཏུག་བྱས་ཏེ་གཅིག་གྱུར་ཡོང་ཐབས་བྱེད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཕོ་བྲང་དཀར་པོའི་དཔོན་པོས་བདེན་དཔང་བྱས་པར། ཟླ4ཚེས29ཉིན་དང་ཚེས30ཉིན་སྔ་གཞུག་ཏུ་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་། ཐེ་ལན་གྱི་ཙུང་ལི། སིང་ཀ་ཕོར་གྱི་ཙུང་ལི་བཅས་ལ་ཁ་པར་བཏང་ནས་ཁྲའོ་ཞན་གླིང་ཕྲན་གྱི་གནས་བབ་སྐོར་བགྲོ་གླེང་བྱས་པ་མ་ཟད། མི་འདི་3པོ་ཨ་རི་ལ་འཚམས་འདྲིར་ཡོང་རྒྱུའི་གདན་འདྲེན་ཡང་ཞུས་པ་རེད།

ཕོ་བྲང་དཀར་པོའི་གཞུང་ལས་ཐིང་གི་ཀྲུའུ་རེན་ལའེ་དབྱིན་སི•ཕུའུ་ལི་པོ་སི་ཡིས་གོང་གསལ་བགྲོ་གླེང་བྱས་པ་ནི་གཙོ་བོ་ཨེ་ཤེ་ཡ་ས་ཁུལ་གྱི་ཨ་རིའི་མནའ་གྲོགས་ཚོ་ཁྲའོ་ཞན་གྱི་གནད་དོན་ཐད་ཨ་རི་དང་གཅིག་གྱུར་ཡོང་བར་སྲུང་འཛིན་བྱ་ཆེད་ཡིན་ཞེས་བརྗོད་པ་རེད། 

ཟླ4ཚེས29ཉིན། ཐེ་རོམ་ཕུ་ཡིས་ཧྥི་ལིན་ཕིན་གྱི་ཙུང་ཐུང་ལུའོ་ཏེ་ལི་ཀོ•ཏུའུ་ཐེར་ཐེ་དང་ཁ་པར་བཏང་ནས་བགྲོ་གླེང་བྱས་པ་རེད།

ཟླ4ཚེས30ཉིན་ཧྥི་ལིན་ཕིན་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡིས་སྤྲོ་སེམས་འཁོལ་བའི་ངང་བགྲོ་གླེང་བྱས་ཡོད་པ་དང་། ཐེ་རོམ་ཕུ་ཡིས་ཨ་རིའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མནའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་དང་། ཕྱོགས་གཉིས་ཀྱིས་ད་དུང་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་ཚུལ་སྐོར་ཡང་བགྲོ་གླེང་བྱས་ཡོད་ཅེས་བརྗོད་པ་རེད།

ཚེས29ཉིན་ཐེ་རོམ་ཕུ་དང་ཁ་པར་མ་བཏང་གོང་གི་ཆུ་ཚོད་ཁ་ཤས་ལ། ཏུའུ་ཐེར་ཐེ་ཡིས་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པར་ཁོང་གིས་ཐེ་རོམ་ཕུ་ལ་ཁྲའོ་ཞན་གླིང་ཕྲན་དུ་དམག་འཐབ་མི་ཡོང་བར་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱ་རྒྱུ་ཡིན། རྒྱུ་མཚན་ནི་དམག་འཐབ་བྱས་ན་ས་ཁུལ་ཡོངས་ལ་གོད་ཆག་རང་བཞིན་གྱི་གནོད་པ་ཐེབས་སྲིད་པའི་རྐྱེན་གྱིས་ཡིན། ངས"སྐུ་ཞབས་ཙུང་ཐུང་ལགས། དམག་འཐབ་འབྱུང་བ་གཏན་ནས་བྱ་མི་རུང་། རྒྱུ་མཚན་ནི་ང་ཡོད་སའི་ས་ཁུལ་ཏུའང་གནོད་འཚེ་ཐེབས་ངེས་རེད"ཅེས་བཤད་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཟླ4ཚེས30ཉིན། ཐེ་རོམ་ཕི་ཡིས་ད་དུང་སྔ་གཞུག་ཏུ་ཐེ་ལན་གྱི་ཙུང་ལི་དང་སིང་ཀ་ཕོར་གྱི་ཙུང་ལི་ལའང་ཁ་པར་བཏང་ནས་གོང་དང་འདྲ་བར་ཁྲའོ་ཞན་གླིང་ཕྲན་གྱི་གནས་བབ་བགྲོ་གླེང་བྱས་པ་རེད།

ནུབ་ཕྱོགས་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོམ་ཕུ་ཡིས་ཐེངས་འདི་ཨ་རིའི་ཨེ་ཤེ་ཡའི་མནའ་གྲོགས་དང་འབྲེལ་གཏུག་བྱས་པ་དེས་རྒྱལ་ནང་གི་ངོ་རྒོལ་གྱི་སྐད་སྒྲ་ཁ་ཤས་འགོག་ཐུབ་པ་རེད། རྒྱུ་མཚན་ནི། དང་པོ། ཐེ་ལན་ནི་ཨ་རིའི་དུས་ཡུན་རིང་པོའི་གནའ་མཐུན་རྒྱལ་ཁབ་ཡིན་མོད། ཡིན་ནའང་ཐེ་ལན་དུ་དམག་མིའི་སྲིད་གཞུང་སྲིད་སྟེགས་སུ་འཛེགས་པ་ནས་བཟུང་། ཨ་རི་དང་ཐེ་ལན་བར་གྱི་འབྲེལ་བ་སྡུག་ཏུ་ཕྱིན་པ་རེད། གཉིས་པ། ཨ་རིའི་ཙུང་ཐུང་ཟུར་པ་པེ་ལ་ཁེ•ཨའོ་པ་མ་ཡིས་ཏུའུ་ཐེར་ཐེ་སྲིད་གཞུང་གིས་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་དུས"འགྲོ་བ་མིའི་ཐོབ་ཐང"དང"ཁྲིམས་ཀྱིས་སྐྱོང་བ"ལ་བརྩི་འཇོག་མི་བྱེདཔར་སྐྱོན་བརྗོད་བྱས་མྱོང་བས། ཏུའུ་ཐེར་ཐེ་ཧ་ཅང་མི་དགའ་བར་གྱུར་ཡོད་པ་རེད།

ཡིན་ནའང་ཟླ4ཚེས30ཉིན་ཕོ་བྲང་དཀར་པོའི་གཞུང་ལས་ཐིང་གི་ཀྲུའུ་རེན་ཕུའུ་ལི་པོ་སི་ཨ་རིའི་ཀུན་ཁྱབ་རླུང་འཕྲིན་ཀུང་སིའི་《གཟའ་འཁོར་འདི་》ཞེས་པའི་ལེ་ཚན་དུ་མགྲོན་པོ་བྱེད་སྐབས། མིག་སྔར་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དོན་ཆེན་ཨང་དང་པོ་ནི་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཡིན་ཞེས་ནན་བཤད་བྱས་པ་རེད། ཁོང་གིས"ང་ཚོས་ས་ཁུལ་འདིར་མཉམ་ལས་རོགས་པ་གང་མང་མང་དགོས་པ་དང་། དེ་ནས་ཚང་མ་གཅིག་གྱུར་ཡོང་བར་སྲུང་འཛིན་བྱ་རྒྱུར་འགན་སྲུང་ཏན་ཏིག་བྱེད་ཐུབ་པ་བྱུང་ཚེ། གལ་ཏེ་ཁྲའོ་ཞན་དུ་དོན་དག་གང་ཞིག་བྱུང་ནའང་། ང་ཚོས་ཕྱོགས་སོ་སོ་ཚང་མར་བྱ་སྤྱོད་ཀྱི་འཆར་གཞི་རེ་རྒྱབ་སྐྱོར་བྱེད་དུ་བཅུག་ཆོག"ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།