ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་གླིང་བར་གྱི་འཕུར་མདའ་གང་མང་གཏོང་འཕེན་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཨ་མེ་རི་ཁའི་ཞིབ་འཇུག་ཁང་གི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ཉེ་སྔོན་གླིང་བར་གྱི་འཕུར་དམའ་གང་མང་གཏོང་འཕེན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་བར་རྒོལ་གཏམ་བཏང་།

མགྲིན་ཚབ་པས་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོས་ཉིང་རྡུལ་འཐབ་ཇུས་ཐད་འགྲོ་སོང་མང་བོ་བཏང་སྟེ། ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད་པ་དང་། དེས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དེ་ཉེན་ཁའི་གནས་སུ་བསྐྱལ་ངེས་རེད་ཟེར། ཛ་དྲག་གི་གནས་བབ་འོག་ཏུ་ཨ་མེ་རི་ཁས་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གླིང་བར་གྱི་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་རྗེས། ཟླ་ལྔ་བའི་ཚེས་གསུམ་ཉིན་ཡང་བསྐྱར་གླིང་བར་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པ་རེད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། ཨ་མེ་རི་ཁས་འཕུར་མདའ་གཏོང་འཕེན་བྱེད་པའི་འཆར་གཞི་དེ་ལོ་གཅིག་གི་སྔོན་ནས་གཏན་འཁེལ་བྱས་ཡོད་པ་དང་། ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ལ་འབྲེལ་བ་མེད་པར་བཤད་ཀྱང་། རྒྱལ་སྤྱིའི་གླེང་ཕྱོགས་ནས་ཡོངས་ཁྱབ་ཏུ་བལྟས་ན། ཨ་མེ་རི་ཁས་བསྟུད་མར་ཉིན་འགའི་རིང་འཕུར་མདའ་གཏོང་འཕེན་བྱས་པ་དེ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཉེན་ཁའི་གནས་སུ་བསྐྱལ་བའི་བྱ་སྤྱོད་ཅིག་ཡིན་པར་འདོད་པས། དོན་དེར་སེམས་ཁུར་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།