ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་བྱས་ཏེ་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དང་ཧིན་རྡུ་ཉི་ཞི་ཡཱ། མཱ་ལེ་ཞི་ཡཱ་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་དྲུག་པའི་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར་ཧིན་རྡུ་ཉི་ཞི་ཡཱ་ནས་ཕྱོགས་གསུམ་གྱི་མཚོ་ཐོག་སྐོར་གཡེང་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། མཉམ་དུ་སུའུ་ལུའུ་མཚོ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་མཆ་ཕ་གཏོང་རྒྱུ་རེད། ཉེ་བའི་ལོ་འགའི་རིང་། ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བསམ་བཞིན་དུ་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་ནས་ས་བཟུང་བ་དང་། ས་ཁུལ་རང་གི་དབུས་ཤར་དུ་འཐབ་མཆོག་རྩ་འཛུགས་ལ་ཞུགས་པའི་དྲག་ཆས་ཉེས་ཅན་དག་ཕྱིར་རང་ཡུལ་དུ་ལོག་སྟེ་ས་ཁོངས་ཀྱི་རྒྱལ་ཁབ་དག་གི་བདེ་འཇགས་ཐད་འགྲན་རྩོད་གསར་བ་བྱུང་ཡོད། ཐེངས་འདིའི་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་བ་ལས། ས་ཁོངས་རྒྱལ་ཁབ་དག་གིས་འགལ་བ་སེལ་ནས་བདེ་འཇགས་མཉམ་ལས་བྱེད་པའི་རེ་འདུན་དྲག་པོ་མངོན་པར་མཚོན་ཡོད།

ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཕྱོགས་གསུམ་མཉམ་འབྲེལ་སྐོར་གཡེང་མགོ་རྩོམ་པའི་མཛད་སྒོ་དེ་ཧིན་རྡུ་ཉི་ཞི་ཡཱའི་ཏཱ་ལཱ་ཀིན་གྲོང་ཁྱེར་གྱི་དམག་གྲུ་ཞིག་གི་སྟེང་ནས་སྤེལ་བ་རེད། ཧྥེ་ལེ་པེན་གྱི་རྒྱལ་སྲུང་བློན་ཆེན་ལོ་ལོན་ཀྲ་ནཱ་དང་། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་སྲུང་བློན་ཆེན་ལི་ཡཱ་མུས་ཀྲ་ཨར་ཏི། མཱ་ལེ་ཞི་ཡཱའི་རྒྱལ་སྲུང་བློན་ཆེན་ཞེ་ཧྲ་མུའུ་ཏེན་བཅས་ཀྱིས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད། སིང་ག་ཕོར་དང་ཝུན་ལེ་གདན་ཞུས་ལྟར་ལྟ་ཞིབ་པའི་ཐོབ་ཐང་གིས་མཛད་སྒོར་ཞུགས་ཡོད།

ཕྱོགས་གསུམ་མཉམ་འབྲེལ་སྐོར་གཡེང་དེ་མཱ་ལིག་ཅཱ་མཚོ་འགག་གི་མཉམ་འབྲེལ་སྐོར་གཡེང་འགུལ་སྐྱོད་ཀྱི་ཉམས་མྱོང་བཟང་བོ་ལས་བྱུང་བ་ཡིན་ཞིང་། ཧིན་རྡུ་ཉི་ཞི་ཡཱའི་དམག་ཕྱོགས་ཀྱིས་སྤེལ་གསལ་སྒྲོག་ལྟར་ན། ས་ཁོངས་དེར་མཚོ་ཇག་དང་བཙན་ཁྲིད། འཇིགས་སྐུལ་རིང་ལུགས། རྒྱལ་ཁོངས་བརྒལ་བའི་ནག་ཉེས་གཞན་པ་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་གནས་ཡོད་པས། ཧིན་རྡུ་ཉི་ཞི་ཡཱ་དང་མཱ་ལེ་ཞི་ཡཱ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་གསུམ་གྱིས་ལག་བསྟར་བྱས་པའི་འགུལ་སྐྱོད་དེས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྙིང་སྟོབས་དར་སྤེལ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཀྱིལ་སྙིང་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སཀྱོབ་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་གྱི་མཚོ་ཐོག་སྐོར་གཡེང་བྱ་འགུལ་སྤེལ་བ་ལས་གཞན་ཧིན་རྡུ་ཉི་ཞི་ཡཱ་དང་མཱ་ལེ་ཞི་ཡཱ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་ཀྱིས་ད་རུང་བར་སྣང་དང་སྐམ་སའི་དམག་དོན་ཐོན་ཁུངས་སྐུལ་སློང་བྱས་ཏེ། སུའུ་ལུའུ་མཚོ་ཁོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།