ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་ཨོ་པ་མའི་སྨན་བཅོས་བཅོས་སྒྱུར་མྱུར་དུ་མེད་པར་གཏོང་དགོས་པ་མ་ཟད་དེའི་ཚབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་ཉེར་བཞི་ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། གྲོས་ཞུགས་ཁང་གིས་ཨོ་པ་མའི་སྨན་བཅོས་བཅོས་སྒྱུར་མྱུར་དུ་མེད་པར་གཏོང་བ་དང་དེའི་ཚབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་ནི་སྤྱི་མཐུན་ཏང་གི་གྲོས་ཞུགས་པ་རྣམས་ཀྱིས་རང་གིས་འདེམ་དམངས་ལ་བཞག་པའི་དམ་བཅའ་ལག་བསྟར་བྱེད་པའི་དུས་ཡིན་ཞེས་བཤད།

ཉིན་དེར་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཨི་ཧེ་ཨི་དང་དབྱི་ལེ་ནོ་དབྱི་སོགས་མངའ་ཁུལ་གྱི་ཨོ་པ་མའི་སྨན་བཅོས་བཅོས་སྒྱུར་གྱི་གནོད་པ་ཐེབས་མཁན་ལ་ཐུག་འཕྲད་བྱས་པ་མ་ཟད་གཏམ་བཤད་སྤེལ་ནས། གྲོས་ཞུགས་ཁང་གི་སྤྱི་མཐུན་ཏང་གི་གྲོས་མིས་གཟའ་མིག་དམར་ཏེ་ཚེས་ཉེར་ལྔ་ཉིན་འདེམ་ཤོག་འཕངས་ཏེ་འབྲེལ་ཡོད་བཅའ་ཁྲིམས་ལ་རྩོད་གླེང་བྱེད་པའི་ཐད་རྒྱབ་སྐྱོར་བྱས་ཏེ། ཁོའི་ལོ་མང་པོའི་ཙུང་ཐུང་འདེམ་བསྐོའི་དམ་བཅའ་ལག་བསྟར་བྱས་ཏེ་ཨོ་པ་མའི་སྨན་བཅོས་བཅོས་སྒྱུར་མྱུར་དུ་མེད་པར་གཏོང་བ་དང་དེའི་ཚབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨོ་པ་མའི་སྨན་བཅོས་བཅོས་སྒྱུར་མེད་པར་གཏོང་བ་དང་དེའི་ཚབ་བྱེད་པ་ནི་ཐི་ལང་ཕུའུ་ན་ནིང་འདེམ་བསྐོ་ཆེན་མོར་ཞུགས་སྐབས་ཀྱི་དམ་བཅའ་གལ་ཆེན་ཡིན་པ་མ་ཟད། རྒྱལ་ཚོགས་སྤྱི་མཐུན་ཏང་གིས་ལོ་བདུན་གྱི་རིང་འབད་བརྩོན་གྱིས་སྤེལ་བའི་ཁྲིམས་འཛུགས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན། ཡིན་ནའང་ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་ཀྱི་ཁྲིམས་འཛུགས་ཀྱི་ལས་འགན་དང་པོ་དེར་བསྟུད་མར་བར་ཆད་ཐེབས་པ་དང་། དེ་ནི་ཐི་ལང་ཕུའུ་དང་སྤྱི་མཐུན་ཏང་གིས་སྲིད་འཛིན་པའི་ཐད་ཀྱི་ཕམ་ཁ་ཞིག་ཏུ་ཡང་ལྟ་བཞིན་ཡོད།

སྤྱི་མཐུན་ཏང་གི་ཨ་མེ་རི་ཁའི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་ལ་ཟླ་ལྔ་བར་དམངས་གྲོས་ཁང་གྲོས་མཐུན་བྱུང་ན་ཡང་། གྲོས་ཞུགས་ཁང་སྤྱི་མཐུན་ཏང་གི་སྔར་ལས་བཟང་པོའི་སྨན་བཅོས་འགན་སྲུང་དང་ཐག་གཅོད་བྱེད་ཐབས་ཞེས་པར་ཏང་ནང་ཁུལ་ནས་འདེམ་ཤོག་འདང་ངེས་པ་ཞིག་ཐོབ་མེད། དེའི་ཆེད་དུ་ཐི་ལང་ཕུའུ་ཡིས་གཟའ་འཁོར་སྔོན་མར་སྤྱི་མཐུན་ཏང་གི་གྲོས་མི་རྣམས་ཕོ་བྲང་དཀར་པོར་གདན་དྲངས་ཏེ་མཉམ་དུ་གུང་ཟས་ལ་རོལ་བ་མ་ཟད་སྨན་བཅོས་འགན་སྲུང་གི་བཅའ་ཁྲིམས་གསར་བར་གྲོས་སྡུར་བྱས་པ་དང་། གྲོས་འཆམ་མ་བྱུང་ན་ཚོགས་འདུ་གྲོས་མི་ཆོག་པའི་བཀའ་བཙན་པོ་ཡང་བབས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།