ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གསང་འཕྲིན་སྡེ་ཁག་གིས་ཨོ་སི་ཁྲུ་ལི་ཡཱ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཕུར་བའི་གནམ་གྲུའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ལ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ནང་སྲིད་པུའུ་ཀྲང་མཱ་ཧྲི་ནོའུ་ཁི་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གསང་འཕྲིན་སྡེ་ཁག་གིས་ཨོ་སི་ཁྲུ་ལི་ཡཱ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཕུར་བའི་གནམ་གྲུའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ལ་བཀག་འགོག་བྱས་ཟེར།

མཱ་ཧྲི་ནོའུ་ཁི་ཡིས་ལེ་པཱ་ནུན་གྱི་ནང་སྲིད་པུའུ་ཡི་གསང་འཕྲིན་སྡེ་ཁག་གིས་ཅང་མ་འགོར་བའི་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གནམ་གྲུའི་སྟེང་འགས་གཏོར་གཏོང་རྩིས་ཡོད་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ལ་བཀག་འགོག་བྱས་པ་དང་། གནམ་གྲུ་ནི་ཨོ་སི་ཁྲུ་ལི་ཡཱ་ནས་ཨ་པུའུ་ཀྲ་པུས་ལ་འཕུར་བཞིན་ཡོད་པར་བཤད་ཀྱང་། འཇིགས་སྐུལ་འཇབ་རྒོལ་དེའི་བྱེ་བྲག་གི་འཆར་གཞི་ལག་བསྟར་བྱེད་པའི་དུས་ཚོད་ཁྱབ་སྒྲོག་བྱས་མེད།

ཁོས་བསྟན་དོན། ཐཱ་ལི་ཁི་ཧཱ་ཡཱ་ཐི་ཞེས་པའི་ལེ་པཱ་ནུན་གྱི་འཇིགས་སྐུལ་ཉེས་ཅན་གྱིས་མི་གཞན་པ་བཞི་དང་མཉམ་དུ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་འཆར་འགོད་བྱས་པ་རེད་ཟེར། མཱ་ཧྲི་ནོའུ་ཁི་ཡིས་འཇིགས་སྐུལ་ཉེས་ཅན་གྱི་ད་ལྟའི་གནས་ཚུལ་གསལ་བོར་མ་བསྒྲགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།