ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་གནད་དོན་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་བཅས་ཀྱིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱས། ཕྱོགས་གསུམ་གྱིས་སི་རི་ཡཱའི་གནད་དོན་གྱི་གནས་བབ་གསར་བ་དང་ཐར་ལམ་སོགས་གནད་དོན་རབ་དང་རིམ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་མང་བོའི་རིང་འབད་བརྩོན་བྱས་པ་བརྒྱུད། སི་རི་ཡཱ་རུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དབང་བསྡུའི་འཐབ་ཕྱོགས་ཞེས་པ་སོགས་ཐལ་སྤྱོད་རྩ་འཛུགས་ཕལ་ཆེར་ཚར་གཅོད་བྱས་ཡོད་པ་དང་། མ་འོངས་པར་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་ཐལ་སྤྱོད་རྩ་འཛུགས་རྩ་བ་ནས་མེད་པར་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།