ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱ་དང་དབྱི་ཐཱ་ལེ་ཡིས་མུ་མཐུད་དུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཆམ་ཕབ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ཐཱ་ལེའི་ཙུང་ལི་ཀྲིན་ཏིས་ལོ་ནེ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་དེ་ས་དཀྱིལ་མཚོ་ཁོངས་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་ལ་འབྲེལ་ཡོད་པས། དབྱི་ཐཱ་ལེ་ཡིས་ཐུ་ནི་ཞི་ཡཱའི་བར་མུ་མཐུད་དུ་མཉམ་ལས་བྱས་ཏེ། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཀྲིན་ཏིས་ལོ་ནེ་ཡིས་ཉིན་དེར་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ནས་སོ་སོར་ཐུ་ནི་ཞི་ཡཱའི་ཙུང་ཐུང་ཨེ་སེ་པུའུ་ཞི་དང་ཙུང་ལི་ཧྲ་ཧི་ཏི་གཉིས་ལ་ཐུག་འཕྲད་བྱས།

ཀྲིན་ཏིས་ལོ་ནེ་ཡིས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ནི་དབྱི་ཐཱ་ལེའི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། ཐུ་ནི་ཞི་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་འགྲོ་བ་སོགས་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་ཡིན་པ་དང་བྱེད་ཐབས་ནུས་ལྡན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་དེ་དག་གི་མཉམ་ལས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར།

ཀྲིན་ཏིས་ལོ་ནེ་ཡིས་བཤད་རྒྱུར། ལི་པུ་ཡཱའི་གནད་དོན་གྱིས་ས་དཀྱིལ་མཚོ་ཁོངས་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དག་སྡུག་ལ་སྦྱར་ཡོད་པ་དང་། ཐུ་ནི་ཞི་ཡཱ་དང་དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ལ་འཇིགས་ཉེན་ཐེབས་ཡོད་པས། ས་ཁུལ་དེའི་རྒྱལ་ཁབ་སོ་སོས་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར།

ཧྲ་ཧི་ཏི་ཡིས་བཤད་རྒྱུར། ཐུ་ནི་ཞི་ཡཱ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་བདེ་འཇགས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱིན་ཆད་མཉམ་ལས་སྔར་ལས་མང་བོ་རྒྱ་བསྐྱེད་དགོས་ལ། ཁྱད་པར་དུ་ན་གཞོན་གྱི་བརྗེ་རེས་ལ་ཡར་སྐུལ་གཏོང་དགོས་ཟེར།

ཉིན་དེར་ཀྲི་ཏིས་ལོ་ནེ་དང་ཧྲ་ཧི་ཏི་གཉིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གྲོས་མཐུན་མང་བོ་འགོད་པའི་མཛད་སྒོར་ཞུགས་པ་དང་། གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་ལས་ལ་འབྲེལ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།