ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མུ་མཐུད་དུ་གཏན་འཇགས་ཀྱི་ནོར་སྲིད་སྲིད་ཇུས་འཛུགས་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དཔྱད་འཇོག་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་བདག་དབང་གི་ཡིད་རྟོན་དཔྱད་འཇོག་རིམ་པ་ཇེ་དམའ་རུ་བཏང་རྗེས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་མུ་མཐུད་དུ་གཏན་འཇགས་ཀྱི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་བའི་ནོར་སྲིད་ཇེ་སྡུག་ཏུ་འགྲོ་བར་ཚོད་འཛིན་བྱེད་པའི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དཔྱད་འཇོག་རིམ་པ་ཇེ་དམའ་རུ་བཏང་བ་དེས་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད། དངུལ་བསྐྱིས་མ་རྩ་ཇེ་མང་དུ་བཏང་བར་མ་ཟད་རྒྱལ་དབང་ཁེ་ལས་ཀྱི་དངུལ་བསྐྱིས་ནུས་པ་ཇེ་ཞན་དུ་བཏང་ཡོད་ལ། ཞོར་དུ་སྤྱིར་བཏང་གི་མང་ཚོགས་ལའང་ཤུགས་རྐྱེན་ཐེབས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཙུང་ཐང་ཙུའུ་མཱ་ཡིས་དངོས་སུ་འགན་ཁུར་བའི་ཙུང་ཐུང་ནོར་སྲིད་ཨུ་ཡོན་ལྷན་ཁང་གིས་ཚོང་ལས་དང་འཛད་སྤྱོད་པའི་ཡིད་ཆེས་སླར་གསོ་བྱེད་པར་འབད་བརྩོན་བྱས་ཏེ། ཤུགས་ཆེན་པོས་དེའི་སྔོན་གཏན་འབེབས་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྲིད་གཞུང་གི་འགྲོ་སོང་ལ་ཚོད་འཛིན་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།