ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་མིག་དཔེར་བཟུང་ནས་རྫས་འགྱུར་མཚོན་ཆའི་གསོག་འཇོག་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཚེས་ཉེར་བདུན་ཉིན་ཧེ་ཡཱ་ནས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་ཉེར་གཉིས་པར་ཞུགས་ཏེ་རྫས་འགྱུར་མཚོན་ཆ་ཡོད་པའི་རྒྱལ་ཁབ་དག་གིས་ཨུ་རུ་སི་མིག་དཔེར་བཟུང་ནས་རྫས་འགྱུར་མཚོན་ཆའི་གསོག་འཇོག་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཅིན་གྱིས་བཤད་རྒྱུར། ང་ཚོས་རྫས་འགྱུར་མཚོན་ཆ་ཡོད་པའི་རྒྱལ་ཁབ་དག་གིས་ང་ཚོ་མིག་དཔེར་བཟུང་ནས། ནུས་པ་གང་ཡོད་ཀྱིས་ཆེས་ཐུང་བའི་དུས་ཚོད་ནང་ད་ཡོད་ཀྱི་རྫས་འགྱུར་མཚོན་ཆའི་གསོག་འཇོག་ཚང་མ་མེད་པར་གཏོང་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར། 
དེ་ལས་གཞན་ཨུ་རུ་སིའི་ཙུང་ཐུང་གིས་ད་རུང་བསྟན་དོན། འགྱུར་བ་མེད་པའི་ཆབ་སྲིད་ཆོད་སེམས་ཀྱིས་ཐུན་མོང་གི་དམིགས་འབེན་ཏེ་ཞི་བདེ་དང་རྫས་འགྱུར་མཚོན་ཆའི་འཇིགས་ཉེན་མེད་པའི་འཛམ་གླིང་ཞིག་གསར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། ཨུ་རུ་སི་ཡིས་ཆེས་མཇུག་མཐའི་རྫས་འགྱུར་མཚོན་ཆའི་བཟོ་གྲྭ་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་རྫས་འགྱུར་མཚོན་ཆ་ཚང་མ་མེད་པར་གཏོང་བའི་དམིགས་འབེན་དེ་ལོ་གཅིག་གིས་སྔ་སྣུར་གྱིས་ཡོངས་འགྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།