ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་གྲོས་མིའི་འཐུས་ཚབ་ཚོགས་པས་ཁྲའོ་ཞན་ཕེན་རང་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པ་ཚེས་ཉེར་དྲུག་མའོ་སི་ཁི་ནས་ལམ་དུ་ཆས་ཏེ། གདན་ཞུས་ལྟར་ཁྲའོ་ཞན་ཕེན་རང་དུ་འཚམས་འདྲི་བྱས། བསྒྲགས་པ་ལྟར་ན། འཐུས་ཚབ་ཚོགས་པའི་ཁོངས་མིར་གྲོས་ཁང་ཞོལ་མའི་ཏང་ཁག་གི་འཐུས་མི་བཞི་ཡོད། ཐེངས་འདིརི་གྲོས་མི་རྣམས་ཀྱིས་ཁྲའོ་ཞན་གྱི་བཟོ་ལས་དང་ཁེ་ལས། སློབ་གསོ་བཅས་ཀྱི་ལྟེ་གནས་ལ་ལྟ་སྐོར་བྱེད་པའི་འཆར་གཞི་ཡོད་པར་མ་ཟད། ཨུ་རུ་སིའི་གཞུང་ཚབ་ཁང་ནས་གྲོས་ཚོགས་རབ་དང་རིམ་པ་སྤེལ་རྩིས་ཡོད། ཨུ་རུ་སིའི་གྲོས་མིས་བསྟན་དོན། ཁོ་ཚོས་འཚམས་འདྲི་བྱེད་སྐབས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཞི་བའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པ་དང་ས་ཁུལ་དེའི་དམག་དོན་ཅན་མཚམས་འཇོག་པའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྩིས་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁྲའོ་ཞན་གྱི་འགྲུལ་བཞུད་དེ་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།