ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཟླ་བཅུ་གཅིག་པར་ཐུར་ཁེ་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་འཚམས་འདྲི་བྱེད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཕུའུ་ཅིན་གྱིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། ཚེས་བདུན་ཉིན། ཨེ་ཨར་ཏའོ་ཨན་དང་ཕུའུ་ཅིན་གྱིས་ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་པའི་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཨ་མེ་རི་ཁའི་ཆོད་དོན་དེས་ས་ཁུལ་གྱི་གཏན་འཇགས་དང་ཞི་བདེ་ལ་གཏོར་བརླག་བྱེད་སྲིད་པར་འདོད། དེ་ལས་གཞན་ཐུར་ཁེ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཚོགས་ཆེན་བསྡུས་ཏེ། ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་པའི་དོན་ལ་ཇི་ལྟར་ཁ་གཏད་འཇལ་བར་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།