ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་མའོ་ལཱ་ཝེ་ཚི་ཅི་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ལི་ཞེ་ཏི་བོ་ཡི་ལས་ཁུར་དགོངས་ཞུའི་སྙན་ཞུ་དངོས་སུ་དང་ལེན་བྱས་པ་དང་། ཙུང་ལི་གཞོན་པ་མའོ་ལཱ་ཝེ་ཚི་ཅི་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་ཡིན་ཟེར།

ཏུའུ་ཏཱ་ཡིས་བཤད་རྒྱུར། ཞེ་ཏི་བོ་དང་དེའི་སྲིད་གཞུང་གིས་མུ་མཐུད་དུ་ལས་འགན་ཁུར་ནས་སྲིད་གཞུང་གསར་བ་རྩ་འཛུགས་ཡོངས་འགྲུབ་བྱེད་རག་བར་རྒྱུན་སྐྱོང་དགོས་པའི་རེ་བ་བཏོན་པ་དང་། ཞོར་དུ་ཞི་ཏི་བོ་ཡིས་ཙུང་ལིའི་འགན་ཁུར་བའི་ཚུན་ལ་བསྒྲུབས་པའི་བྱ་བར་བཀའ་དྲིན་ཞུས།

མའོ་ལཱ་ཝེ་ཚི་ཅི་བསྐོ་འཇོག་བྱས་རྗེས་བཤད་རྒྱུར། གལ་ཏེ་གྲོས་ཁང་གིས་ཁོའི་བསྐོ་འཇོག་ལ་གྲོས་མཐུན་བཀོད་ན། ཁོས་གཟི་བརྗིད་དེ་དོན་དངོས་བྱ་སྤྱོད་དུ་བསྒྱུར་ངེས་ཡིན་ཟེར། ཁོས་བསྟན་དོན། ཙུང་ལིའི་འགན་ཁུར་རྗེས་ཧུར་ཐག་སྒོས་བདེ་འཇགས་ལ་ཤུགས་སྣོན་དང་། དཔལ་འབྱོར་དར་རྒྱས་སུ་གཏོང་རྒྱུ་མ་ཟད། ཕོ་ལན་གྱི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

ཕོ་ལན་གྱི་བཅའ་ཁྲིམས་ལྟར་ན། ཙུང་ལི་གསར་བ་དེར་ངེས་པར་དུ་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་འཕེན་དགོས་པ་དང་། ངེས་པར་དུ་གྲོས་མི་ཕྱེད་ཀ་ཡིད་འཐད་འབྱུང་དགོས་པ་རེད། 
ཕོ་ལན་གྱི་ཙུང་ལིའི་བཞུགས་ཤག་གཞུང་སྒྲུབ་ཁང་གི་གཙོ་དཔོན་ཁུན་ཕཱ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཞེ་ཏི་བོ་ཡིས་སྲིད་གཞུང་གསར་བའི་ནང་ལས་འགན་ཁུར་རྒྱུ་ཡིན་པ་དང་། སྤྱི་ཚོགས་ལས་དོན་གྱི་འགན་ཁུར་བའི་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་རེད་ཟེར།

ཕོ་ལན་སྲིད་འཛིན་ཏང་གི་བཅའ་ཁྲིམས་དང་དྲང་བདེན་ཏང་གིས་ཚེས་བདུན་ཉིན་ཞེ་ཏི་བོ་ཡིས་ཉིན་དེར་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཐག་བཅད་པར་བཤད། ཏང་ཁག་དེས་ཅང་མ་འགོར་བར་མའོ་ལཱ་ཝེ་ཚི་ཅི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་བཏོན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།