ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ལོ་གསར་དང་འདེམ་བསྐོའི་སྐབས་སུ་འཇིགས་སྐུལ་བྱ་འགུལ་ལ་འགོག་སྲུང་ནན་མོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ལོ་གསར་དང་ཙུང་ཐུང་གི་འདེམ་བསྐོའི་སྐབས་སུ་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་དོགས་ཟོན་དང་འགོག་སྲུང་ནན་མོ་བྱེད་རྒྱུ་རེད་ཟེར།

ཨུ་རུ་སིའི་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པའོ་ཨར་ཐི་ནེ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་བདེ་འཇགས་ཅུའུ་ཡི་ལས་བྱེད་མི་སྣས་མའོ་སི་ཁི་ས་ཁུལ་ནས་འཇིགས་སྐུལ་བྱ་འགུལ་སྤེལ་རྩིས་ཡོད་པའི་ནག་ཉེས་ཚོགས་ཁག་ཅིག་རྩད་ཆོད་པ་དང་། དེར་འབྲེལ་བ་ཡོད་པའི་མི་སྣ་ནི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ནས་ཡོང་བ་རེད། འཇིགས་སྐུལ་བྱ་འགུལ་བྱེད་མཁན་གྱི་གྲས་སུ་སྲོག་ཁྲིམས་བཅད་པའི་བཙོན་མའང་ཞུགས་ཡོད་ཟེར།

འཇིགས་སྐུལ་བྱ་འགུལ་གྱི་གནས་ཚུལ་ཤེས་རྗེས། བདེ་འཇགས་ཅུའུ་ཡི་མི་སྣས་རང་བཟོས་འགད་རྫས་དང་མེ་མདའ། མདེལ་སོགས་རྩད་ཆོད་པར་མ་ཟད། འཇིགས་སྐུལ་བྱ་འགུལ་གྱི་ཡོ་བྱད་ཐོན་སྐྱེད་བྱེད་སའི་ཚོད་ལྟ་ཁང་ཞིག་གཏོར་བ་རེད།

ད་ལོར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བསྡོམས་པས་འཇིགས་སྐུལ་བྱ་འགུལ་ཆེན་མོ་ཐེངས་བཅོ་བརྒྱད་ལ་བཀག་འགོག་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་ང་དྲུག་རྩད་ཆོད་ལ། འཇིགས་སྐུལ་ཉེས་ཅན་དང་དེའི་ལག་རོགས་པ་དོན་བརྒྱད་ཚར་བཅད་པར་མ་ཟད་འབྲེལ་ཡོད་ཀྱི་ནག་ཉེས་བཟོ་མཁན་སྟོང་ལྷག་འཛིན་བཟུང་བྱས་ཡོད།

ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར་སྤེལ་རྒྱུ་ཡིན་པ་དང་། འདེམ་བསྐོའི་བྱ་བ་དེ་ཟླ་བཅུ་གཉིས་པ་ནས་སྤེལ་མགོ་བརྩམས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།