ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་དམག་ཕྱོགས་ཀྱིས་སྣུམ་ཞིང་ཞིག་གི་ཉེ་འདབས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ་དམག་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་དམག་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་རྡོ་སྣུམ་སྒྲིག་ཆས་རུ་སྲུང་དམག་དཔུང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་དགོང་མོར་ཉེན་སྲུང་རུ་ཁག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་མཉམ་དུ་ལི་པུ་ཡཱའི་དབུས་ཕྱོགས་ཀྱི་ཀྲ་ལཱ་གྲོང་རྡལ་གྱི་སྣུམ་ཞིང་ཞིག་གི་ཉེ་འདབས་ནས་འཁྲུག་རྩོད་བྱས་པ་དང་། དམག་མི་གསུམ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། དེ་ལས་གཞན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།