ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་མནའ་འབྲེལ་ཏང་གིས་སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་དུ་ནེ་ཀི་རྩ་འཛུགས་བྱེད་པའི་ཇུས་གཞིར་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ཡོད་སའི་མནའ་འབྲེལ་ཏང་གིས་ཚེས་ཉེར་དྲུག་ཉིན་སྤྱི་ཚོགས་དམངས་གཙོ་ཏང་དང་ཡང་བསྐྱར་མཉམ་འབྲེལ་བྱས་ཏེ་ནེ་ཀི་རྩ་འཛུགས་བྱེད་པའི་ཇུས་གཞིར་གྲོས་མཐུན་བཀོད། མིག་སྔར་སྲིད་གཞུང་གསར་བའི་རྩ་འཛུགས་ལེགས་འགྲུབ་འབྱུང་མིན་དེ་སྤྱི་ཚོགས་དམངས་གཙོ་ཏང་གིས་མཉམ་འབྲེལ་གྱིས་ནེ་ཀི་རྩ་འཛུགས་བྱེད་པའི་ཇུས་གཞིར་གྲོས་མཐུན་འགོད་མིན་ལ་རག་ལས་ཡོད།

མནའ་འབྲེལ་ཏང་གིས་ཚེས་ཉེར་དྲུག་ཉིན་དམིགས་བསལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་འབྲེལ་གྱིས་ནེ་ཀི་རྩ་འཛུགས་བྱེད་པར་བརྡས་ཐག་བཅད། མའོ་ཁི་ཨར་གྱིས་བརྡས་ཐག་མ་བཅད་གོང་ཏང་ནང་ཁུལ་ནས་མཐུན་སྒྲིལ་སྲུང་འཛིན་བྱེད་པའི་སྐུལ་མ་བཏང་བ་དང་། འཐུས་མི་དག་གིས་གཏན་འཇགས་དང་སྟོབས་དང་ལྡན་པའི་སྲིད་གཞུང་ཞིག་འཛུགས་པའི་དགོས་གལ་རང་བཞིན་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དགུ་བརྒྱ་དང་དོན་ལྔའི་ཁྲོད་མི་ཉེར་བདུན་གྱིས་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད།

མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གིས་ཡང་བསྐྱར་མཉམ་འབྲེལ་བྱས་ཏེ་ནེ་ཀི་རྩ་འཛུགས་ཐུབ་མིན་དེ་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་ཡོན་ཚང་མའི་རྣམ་འགྱུར་ལ་རག་ལས་ཡོད། ཟླ་གསུམ་པའི་ཚེས་གཉིས་ཉིན་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་ཡོན་འབུམ་བཞི་དང་ཁྲི་དྲུག་ཙམ་གྱིས་མནའ་འབྲེལ་ཏང་དང་ཡང་བསྐྱར་མཉམ་འབྲེལ་བྱས་ཏེ་ནེ་ཀི་རྩ་འཛུགས་བྱེད་པའི་ཇུས་གཞིར་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། བརྡས་ཐག་བཅད་པའི་མཇུག་འབྲས་དེ་ཟླ་གསུམ་པའི་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།