ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་གསར་དུ་འགན་ཁུར་བའི་ཕྱི་འབྲེལ་བློན་ཆེན་མུས་ལཱ་ནེ་ཞི་ཡིས་ཚེས་བརྒྱད་ཉིན་ཐོག་དང་པོར་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། སི་རི་ཡཱ་དང་ལི་པུ་ཡཱ། ཝུའུ་ཁི་ལན་བཅས་ཀྱི་གནས་བབ་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། དེ་ནི་དབྱི་ཐཱ་ལེའི་སྲིད་གཞུང་གསར་བ་བཙུགས་པའི་ཚུན་ལ། མུས་ལཱ་ནེ་ཞི་ཡིས་ཕྱི་འབྲེལ་བློན་ཆེན་གྱི་ཐོབ་ཐང་བཟུང་ནས་ཐོག་དང་པོར་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་སྐབས་ཁོས་ལཱ་ཧྥུའུ་ལོ་ཧྥུའུ་དང་མཉམ་དུ་སི་རི་ཡཱ་དང་ལི་པུ་ཡཱ། ཝུའུ་ཁི་ལན་བཅས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཕན་ཚུན་གཞོགས་འདེགས་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། དངུལ་ལོར། མི་གཞུང་། མི་ཆོས་རིང་ལུགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་མ་འོངས་མདུན་ལྗོངས་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། དབྱི་ཐཱ་ལེ་ནི་ཨུ་རུ་སིའི་ཡོ་རོབ་གླིང་ནུབ་མའི་ཆེས་གལ་ཆེ་ཞིང་། དུས་ཚོད་ཀྱི་ཉམས་སད་ཐེག་པའི་ཆབ་སྲིད་དཔལ་འབྱོར་མཉམ་ལས་གྲོགས་པོ་ཞིག་ཡིན། ཨུ་རུ་སི་དང་དབྱི་ཐཱ་ལེ་ཕྱོགས་གཉིས་ཀྱི་འབྲེལ་བ་ནི་ཕན་ཚུན་བཟོད་སྒོམ་དང་ཡིད་ཆེས་བྱེད་པ་དེ་ཡིན། བཀག་རྒྱ་ངེས་ཅན་ཡོད་ཀྱང་དབྱི་ཐཱ་ལེ་སྲིད་གཞུང་གིས་ཨུ་རུ་སིའི་བར་དུས་ཡུན་རིང་བོའི་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་མཉམ་ལས་སྲུང་འཛིན་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།