ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་ཕྱོགས་སོ་སོས་གྲོས་མཐུན་བཀོད་དེ་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེད་ཧྲི་ལི་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གྲོས་མོལ་ཁྲོད་ལྷག་བསམ་རྣམ་དག་གི་བྱ་སྤྱོད་སྤེལ་ཏེ། མིག་སྔའི་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཚེས་བཅུ་གཉིས་ཉིན་དབྱི་ཐཱ་ལེའི་ཕཱ་ལེ་མའོ་ནས་གྲོས་ཚོགས་བསྡུས་ཏེ། ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།