ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་བཅུ་བཞིར་སྲོག་ཁྲིམས་གཅོད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་དང་སྐམ་དམག་གི་ཇུས་འདོན་དཔོན་པོ་པཱ་ཅེ་ཝ་ཡིས་ཉིན་དེར་དམིགས་བསལ་དམག་དོན་ཁྲིམས་ཁང་ནས་འཇིགས་སྐུལ་ཉེས་ཅན་བཅུ་བཞིར་སྲོག་ཁྲིམས་གཅོད་པའི་ཆོད་དོན་ལ་ཆོག་མཆན་བཀོད། མི་དེ་དག་དམག་དམངས་ཀྱི་འཇབ་རྒོལ་ནང་ཞུགས་ཏེ། ཉེན་རྟོག་ཅུའུ་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས། སློབ་གསོའི་ལས་ཁུངས་བཅས་ལ་གཏོར་བརླག་བྱེད་པ་སོགས་ཀྱི་ནག་ཉེས་བྱ་འགུལ་བསགས་ཡོད་པ་རེད་ཟེར། 

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་བཅུ་བཞི་བོ་དེ་ནག་ཉེས་བྱ་འགུལ་རབ་དང་རིམ་པར་ཞུགས་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་བཅུ་གསུམ་དང་མི་སེར་དཀྱུས་མ་གསུམ་འདུས་ཟེར། བཅའ་ཁྲིམས་ལག་བསྟར་མི་སྣས་འཇིགས་སྐུལ་ཉེས་ཅན་དེ་དག་གི་ལག་ནས་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 

དེའི་སྔོན་དམིགས་བསལ་དམག་དོན་ཁྲིམས་ཁང་གིས་ཁོ་ཚོར་འདྲི་གཅོད་བྱས་པ་དང་། མི་བཅུ་བཞི་བོ་ཚང་མས་ཉེས་པ་ངོས་ལེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།