ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་དམག་མི་སྟོང་གསུམ་དང་བདུན་བརྒྱ་ལྔ་བཅུ་མངག་གཏོང་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་དམག་མི་སྟོང་གསུམ་དང་བདུན་བརྒྱ་ལྔ་བཅུ་མངག་གཏོང་བྱས་ཏེ། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་མཐའ་མཚམས་ལ་དོ་དམ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། 

ཟུར་ལྔའི་ཐོག་ཁང་ཆེན་མོས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། སྐོར་ཐེངས་གསར་བའི་ཨ་མེ་རི་ཁའི་དམག་དཔུང་གི་འགན་ཡུན་ཉིན་དགུ་བཅུ་ཡིན་པ་དང་། ང་ཚོས་མུ་མཐུད་དུ་དམག་དཔུང་གི་གྲུབ་ཚུལ་ལ་དཔྱད་འཇོག་བྱས་ནས། མཐའ་མཚམས་ཀྱི་དོ་དམ་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར། 

རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་སྤོ་སྒུལ་ལྟ་རྟོག་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མཐའ་མཚམས་གྲུ་ཁའི་བར་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་བཞི་བཅུ་ཡོད་པའི་ལྕགས་དྲྭ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན། གསར་དུ་ཁ་སྣོན་བྱས་པའི་དམག་དཔུང་མཐའ་མཚམས་ས་ཁུལ་དུ་འབྱོར་རྗེས། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་བཅའ་སྡོད་བྱེད་པའི་ཨ་མེ་རི་ཁའི་དམག་དཔུང་སྟོང་བཞི་དང་སུམ་བརྒྱ་ལྔ་བཅུ་ཡོད་པ་རེད། རྒྱལ་སྲུང་པུའུ་ཀྲང་ཚབ་མ་ཧྲ་ནཱ་ཧན་གྱིས་ཟླ་དང་པོའི་ཟླ་དཀྱིལ་དུ་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁའི་དམག་དཔུང་གི་མཐའ་མཚམས་སུ་བཅའ་སྡོད་བྱེད་པའི་ཡུན་ཚད་ཟླ་དགུ་བའི་ཚེས་སུམ་ཅུའི་བར་ཇེ་རིང་དུ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།