ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ལི་ཡིས་རུལ་སུངས་ལ་ཆམ་ཕབ་བཏང་སྟེ་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་གསར་དུ་འགན་ཁུར་བའི་ནེ་ཀིའི་ཙུང་ལི་ཧཱ་ལི་ལི་ཡིས་ཚེས་བཅུ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་པེད་ཏིས་ནས་བསྟན་དོན། སྐབས་གསར་བའི་ལེ་པཱ་ནུན་སྲིད་གཞུང་གིས་རུལ་སུངས་ལ་ཆམ་ཕབ་གཏོང་བ་དང་མ་དངུལ་ནང་འགུག་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་བཅོས་བསྒྱུར་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཧཱ་ལི་ལི་ཡིས་ཉིན་དེར་ཏིས་པེད་ནས་སྤེལ་བའི་སྐབས་བདུན་པའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་སྐབས་དམིགས་བསལ་བཅར་འདྲི་དང་ལེན་བྱས། 

ཧཱ་ལི་ལི་ཡིས་བསྟན་དོན། ང་ཚོས་བཅོས་བསྒྱུར་འཆར་གཞི་གསལ་བོ་གཏན་འབེབས་བྱས་ཡོད་ཅིང་། ཕྱིའི་དངུལ་གཏོང་མཁན་ནང་འགུག་བྱེད་པར་བཀག་རྒྱ་གཙང་སེལ་བྱས་ཡོད་པ་དང་། བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་རུལ་སུངས་ཀྱི་རྩ་བ་གཅོད་རྒྱུ་ཡིན། བཅོས་བསྒྱུར་བྱེད་ཐབས་དེ་དག་ལ་སྐུལ་འདེད་གཏོང་བར་དཀའ་ཁག་ཧ་ཅང་ཆེ་ཡང་། མཇུག་མཐར་ལེ་པཱ་ནུན་གྱིས་མིག་སྔར་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་དཔལ་འབྱོར་དཀའ་ཁག་སེལ་བར་རོགས་འདེགས་བྱེད་ཐུབ་ཟེར། 

ཧཱ་ལི་ལི་ཡིས་བཅར་འདྲིའི་སྐབས་སུ་ནན་གྱིས་བསྟན་དོན། ནེ་ཀི་གསར་བས་བུད་མེད་དག་རང་ཁྱིམ་ལས་བུད་དེ་བྱ་བར་ཞུགས་པར་སྐུལ་མ་གཏོང་བཞིན་ཡོད་པ་དང་། དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་བཅོས་བསྒྱུར་འཆར་གཞིར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།