ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་སྣུམ་འདྲེ་སྦུག་ལམ་འགས་གཏོར་བྱུང་སྟེ་མི་བཅུ་ཕྲག་འགའ་གར་སོང་རྙེད་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབྲེལ་ཡོད་མི་སྣས་ཚེས་གཉིས་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ཀྱི་པཱ་ཡེ་ཨར་སཱ་ཀྲིག་ནུན་པེ་ས་ཁུལ་དུ་ཚེས་གཅིག་ཉིན་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་ཕྲག་འགའ་གར་སོང་རྙེད་མེད་ཟེར། 

ས་དེའི་མགོ་ཁྲིད་ལས་ཁུངས་ཀྱི་མགྲོན་ཚབ་པ་ཀྲན་མུའུ་སི་ཨེ་ལི་ཝ་ལི་ཨོ་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་བྱུང་བ་དང་། ཉུང་མཐར་ཡང་སྡེ་བ་དྲུག་ལ་གནོད་པ་ཐེབས་ཡོད། དོན་རྐྱེན་དེ་ལས་མི་བཅུ་ཕྲག་འགའ་གར་སོང་རྙེད་མེད་པས་མང་ཚོགས་ལ་འཇིགས་དངངས་ཆེན་པོ་བཟོ་ཡོད་ཟེར། 
ཀྲན་མུའུ་སི་ཨེ་ལི་ཝ་ལི་ཨོ་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་ད་རུང་ས་དེའི་ཁྱབ་ཁོངས་ནང་གི་ཆུའི་ཐོན་ཁུངས་དང་མཁའ་དབུགས་ལ་སྦགས་བཙོག་ཐེབས་ཡོད་པས། ས་དེའི་མང་ཚོགས་ཀྱི་འཚོ་རྟེན་དུ་གྱུར་བའི་ཉ་བདའི་ལས་རིགས་ལ་གནོད་པ་ཐེབས་ཡོད་ཟེར། 
ཨ་ཧྥེ་རི་ཁ་ནུབ་མའི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཆེན་མོ་ནེ་ཀྲི་རི་ཡཱ་རུ་སྣུམ་འདྲུད་རླངས་འཁོར་དང་སྣུམ་འདྲེན་སྦུག་ལམ་འགས་གཏོར་གྱི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ལ། དེའི་ནང་ས་དེའི་མང་ཚོགས་ཀྱིས་རྡོ་སྣུམ་རྐུ་འཕྲོག་བྱས་པ་ལས་བྱུང་བའི་དོན་རྐྱེན་ལྷག་ཏུ་མང་བོ་ཡོད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།