ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁི་ལེ་སི་ཐི་ཆེ་ཆི་གྲོང་ཁྱེར་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ནེའུ་ཙེ་ལན་གྱི་ཁི་ལེ་སི་ཐི་ཆེ་ཆི་གྲོང་ཁྱེར་ནས་བྱུང་བའི་དབྱི་སི་ལན་ཆོས་ཁང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞོར་དུ་འདས་པོའི་ཁྱིམ་མི་དང་ནེའུ་ཙེ་ལན་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས། 

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འཇབ་རྒོལ་དོན་རྐྱེན་དེར་ཧ་ལས་པའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་དབྱི་སི་ལན་ས་ཁུལ་གྱི་དགྲར་འཛིན་བསམ་བློ་ཐག་གཅོད་བྱས་ནས། རྣམ་པ་གང་རུང་གི་བཟོད་སྒོམ་བྱེད་མི་ཐུབ་པའི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཡོད་ཚད་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེའི་སྔ་དྲོར། ཀུའུ་ཐི་ལོས་སི་ཡིས་དྲ་ཚིགས་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐཡེན་ལ་རྒོལ་གཏམ་དྲག་པོ་བཏང་། ཁོས་བཤད་རྒྱུར། དེ་རིང་དང་ཕྱིན་ཆད་ཀྱི་ཉིན་རེ་བཞིན། ང་ཚོས་ངེས་པར་དུ་མཐུན་སྒྲིལ་བྱས་ནས། མཉམ་དུ་མུའུ་སི་ལིན་ལ་དམིགས་པའི་ཤ་འཁོན་གནད་དོན་དང་། རྣམ་པ་གང་རུང་གི་ཕྱོགས་རིས་དང་འཇིགས་སྐུལ་བྱ་སྤྱོད་ཐག་གཅོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།