ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རུ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ཚེས་ཉེར་བཞིའི་ཉིན་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རུ་འབྱོར་ནས། ཨུ་རུ་སི་ལ་འཚམས་འདྲི་བྱེད་མགོ་བརྩམས། ཁོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 

གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ཅིན་ཀྲིན་ཨིན་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་གཅིག་གི་སྟེང་མེ་འཁོར་ལ་བསྡད་དེ་ཧྥུའུ་ལཱ་ཏི་བོ་སི་ཐའོ་ཁིའི་མེ་འཁོར་ས་ཚིགས་སུ་འབྱོར་བ་དང་། དེའི་རྗེས་སུ་ཨུ་རུ་སིའི་དམག་ཕྱོགས་ཀྱི་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་བྱས། ཅིན་ཀྲིན་ཨིན་གྱིས་མེ་འཁོར་ས་ཚིགས་ནས་ཨུ་རུ་སིའི་མི་དམངས་དང་བརྗེ་རེས་ཅུང་ཙམ་བྱས་རྗེས་རླངས་འཁོར་ལ་བསྡད་དེ་གནས་དེ་དང་བྲལ་བ་རེད། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་མེ་འཁོར་ས་ཚིགས་ནས་དུས་ཡུན་ཐུང་ངུའི་ལྟ་སྐོར་བྱེད་སྐབས་བསྟན་དོན། ཐེངས་འདིར་ཕུའུ་ཅིན་དང་གྲོས་མོལ་བྱེད་པར་གྲུབ་འབྲས་ཐོབ་པར་རེ་བ་བྱེད་བཞིན་ཡོད་པ་དང་། ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲོས་བསྡུར་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།