ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་དམག་དཔུང་གི་མེ་ཤུགས་ཆམ་ཕབ་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཞིའི་ཉིན་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ནས་སྤེལ་བའི་ཤར་ཕྱོགས་འགོག་སྲུང་དམག་དཔུང་གི་མེ་ཤུགས་ཆམ་ཕབ་སྦྱོང་བརྡར་ལ་མཛུབ་སྟོན་བྱས། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་སྔོན་ལ་བརྡ་བཏང་མེད་པར་གློ་བུར་དུ་རྩ་འཛུགས་བྱས་པའི་མེ་ཤུགས་ཆམ་ཕབ་སྦྱོང་བརྡར་ལ་ལེགས་འགྲུབ་བྱུང་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཤར་ཕྱོགས་འགོག་སྲུང་དམག་དཔུང་གིས་དུས་ནམ་བཀའ་རྒྱ་བཏང་ཡང་མྱུར་དུ་འཐབ་འཁྲུག་ལ་ཞུགས་ཐུབ་པའི་འཕྲལ་སྒྲུབ་ནུས་པར་ཡིད་ཚིམས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཤར་ཕྱོགས་འགོག་སྲུང་དམག་དཔུང་གི་རྒྱང་འཕེན་མེ་ཤུགས་སྒྱོགས་མདེལ་དང་འཐབ་རྩལ་ལ་བརྟེན་ནས་མཚོན་ཆ་བེད་སྤྱོད་བྱེད་པའི་ནུས་པ་དང་། མེ་ཤུགས་ཆམ་ཕབ་ལས་འགན་ལག་བསྟར་བྱེད་པའི་གནད་ཕོག་གི་ཚད་དང་སྒྲིག་ཆས་བཀོལ་བའི་འཐབ་འཛིང་ནུས་པར་དཔྱད་ཞིབ་བྱེད་རྒྱུ་མ་ཟད། དེ་གོ་སྐབས་སུ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་དམག་ཡོངས་ཀྱིས་སྦྱོང་བརྡར་ནན་མོ་བྱས་ཏེ་དུས་རྒྱུན་རང་བཞིན་གྱི་འཐབ་འཛིང་སྐུལ་སློང་གྲ་སྒྲིག་བཟང་བོ་བྱེད་པའི་ཆེད་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།