ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཐི་ལིང་ཕུའུ་ཡིས་ཧན་གོར་འཚམས་འདྲི་མ་བྱས་གོང་ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཡང་བསྐྱར་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190611093358lKfC.jpg

ཟླ6པའི་ཚེས12ཉིན། ནོར་ཝེའི་རྒྱལ་ས་ཨོ་སི་ལུའུ་ནས། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ཨོ་སི་ལུའུ་སློབ་ཆེན་དུ་ཨོ་སི་ལུའུ་གླེང་སྟེགས་ཞེས་པའི་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནོར་ཝེ་རུ་འཚམས་འདྲི་བྱེད་བཞིན་པའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཟླ་མཇུག་ཏུ་ཧན་གོར་འཚམས་འདྲི་མ་བྱས་གོང་། ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཡང་བསྐྱར་གྲོས་མོལ་བྱེད་པའི་རེ་བ་ཡོད་ཟེར། 

ཝུན་ཙེ་ཡུན་ཉིན་དེར་ཨོ་སི་ལུའུ་སློབ་ཆེན་དུ་ཨོ་སི་ལུའུ་གླེང་སྟེགས་ཞེས་པའི་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། ཁོས་གཏམ་བཤད་སྤེལ་རྗེས་དྲི་བར་ལན་འདེབས་པའི་སྐབས་སུ། ཁོས་དུས་ངེས་མེད་དུ་ཁྲའོ་ཞན་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་འདོད་ཡོད་པ་དང་། བྱེ་བྲག་གི་དུས་ཚོད་ཁྲའོ་ཞན་ཕྱོགས་ཀྱིས་ཐག་གཅོད་བྱས་ཆོག གལ་ཏེ་སྲིད་ན་ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཟླ་མཇུག་ཏུ་ཧན་གོར་འཚམས་འདྲི་མ་བྱས་གོང་གྲོས་མོལ་བྱེད་ཐུབ་ན་བསམ་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་ཞོར་དུ་ཅིན་ཀྲིན་ཨིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་སྔ་མོ་ནས་ཡང་བསྐྱར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་གྲོས་མོལ་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཝུན་ཙེ་ཡུན་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་པན་མིན་ཏེན་ནས་གྲོས་མོལ་བྱས་ཏེ་པན་མིན་ཏེན་བསྒྲགས་གཏམ་བཀོད་དེ། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་གྲོས་མོལ་རྐྱེན་སྲོལ་བརྗེ་སྤོར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ལོ་དེའི་ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན། ཁོ་གཉིས་ཀྱིས་ཕེན་རང་ནས་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་བཀོད་དེ། སྔ་མོ་ནས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ལྷོ་བྱང་གི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། ཁྲའོ་ཞན་ཕྱེད་གླིང་དེ་ཡུན་རིང་གི་ཞི་བདེ་ས་ཁུལ་དུ་འཛུགས་སྐྲུན་བྱེད་པ་སོགས་ལ་གྲོས་འཆམ་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།